གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༡༧ཉིན།

ཕུའུ་ཅིང་གིས་ཨུ་རུ་སུའི་རིམས་ནད་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་བསྟན་པ།

    ཟླ་4ཚེས་13ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས། ཨུ་རུ་སུའི་མངའ་ཁོངས་ནང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད། ཕུའུ་ཅིང་གིས་ཚེས་13ཉིན་ཨུ་རུ་སུས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཚོགས་འདུ་གཙོ་སྐྱོང་བྱེད་སྐབས། ཨ་རུ་སུའི་མངའ་ཁོངས་ནང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པ་མ་ཟད། ད་དུང་སྡུག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད། མོ་སི་ཁོ་གྲོང་ཁྱེར་དང་། མོ་སི་ཁོ་ཀྲོའུ། ད་དུང་གྲོང་ཁྱེར་ཆེན་གྲས་མང་པོར་ཉེན་ཁ་ཆེན་པོ་འཕྲད་ཡོད་ཅེས་བཤད་པ་རེད།  
    ཕུའུ་ཅིང་གིས་བསྟན་དོན། ཨུ་རུ་སུའི་མངའ་ཁོངས་ནང་གི་རིམས་ནད་ཐོན་ཚབས་ཆེ་ཤོས་ད་དུང་ཡོལ་མེད། ཨུ་རུ་སུར་ད་དུང་དཀའ་གནད་མང་པོ་འཕྲད་བཞིན་ཡོད། དོགས་ཟོན་གྱི་བསམ་པ་ལྷོད་དུ་གཏོང་མི་རུང་། མ་འོངས་གཟའ་འཁོར་ཁ་ཤས་དེ་ཨུ་རུ་སུའི་ངོས་ནས་བརྗོད་ན་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ཐག་གཅོད་ཀྱི་དོན་སྙིང་ལྡན་ཡོད་པ་དང་། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། རིམ་ཁག་སྲིད་གཞུང་གིས་རིམས་འགོག་བྱ་ཐབས་སྤྱི་འདོམས་དང་ལེགས་སུ་གཏོང་བ་དང་། ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ནུས་ལྡན་བྱེད་པ། གསོག་འཇོག་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་རྒྱུ་རྐྱེན་ཚང་མར་བསམ་གཞིག་ཐུབ་པ་བྱེད་དགོས།
    ཨུ་རུ་སུ་རིམས་ནད་སྔོན་འགོག་བཀོད་འདོམས་པུས་ཚེས་13ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། འདས་ཟིན་པའི་ཆུ་ཚོད་24ཡི་ནང་། ཨུ་རུ་སུའི་མངའ་ཁོངས་ནང་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་2558གསར་འཕར་བྱུང་བས་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་18328བར་མང་དུ་ཕྱིན་པ་དང་། ཚེ་འདས་ནད་དཔེ་148ཟིན་པ། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་མཁན་1470བཅས་ཟིན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1