གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༡༧ཉིན།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའི་པུའུ་ཀྲང་གིས་ཀྲུང་གོའི་རིམས་འགོག་གི་བྱ་སྤྱོད་རླབས་ཆེན་དང་ལེགས་སྐྱེས་ལ་བསྔགས་བརྗོད་ཆེན་པོ་བྱས་པ།


 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་ཁ་ཆད་ལྟར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའི་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་དང་ཁ་པར་ནས་བཀའ་མོལ་གནང་བ་རེད།
     ཝང་དབྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་སེམས་གསོ་དང་འཚམས་འདྲི་བྱས་པ་མ་ཟད། ད་དུང་རོགས་སྐྱོར་ཡང་བྱས་པ་དང་། ཏི་པད་ཀྱི་ཧ་ལ་ཕ་ཐེ་ཐོག་བརྩེགས་ཁང་ཆེན་ངོས་སུ་ཀྲུང་གོའི་རྒྱལ་དར་གྱི་རི་མོ་དང“ཝུའུ་ཧན་ཤུགས་རྒྱོབ”ཅེས་པའི་བརྙན་རིས་ཧ་ཅང་ཆེན་པོ་བརྙན་ཤེལ་བརྒྱུད་ཐེངས་མང་བསྟན་པ། ཟླ་4ཚེས་4ཉིན་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མུའུ་ཏིས་ཐུའེ་ཐེའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་རང་སྲོག་བློས་གཏོང་མཁན་དཔའ་བོ་དང་སྐུ་གཤེགས་པའི་མི་སྣར་མྱ་ངན་ཞུ་བའི་རྩོམ་ཡིག་སྤེལ་བ་བཅས་ལས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བརྩེ་དུང་ཟབ་མོ་འཆང་བ་མཚོན་གྱི་ཡོད། འདིར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཝང་དབྱིས་མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་ཁྱབ་པ་དང་ཆབས་ཅིག ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ལའང་འགྲན་སློང་དྲག་པོ་ཕྲད་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱེད་པའི་གྲས་སུ། ཨ་རབ་ཀྱིས་ཀྲུང་གོ་ནས་རིམས་འགོག་དངོས་རྫས་ཉོ་སྒྲུབ་དང་རྩིས་ལེན་དབོར་འདྲེན་བྱེད་པར་རོགས་རམ་དང་སྟབས་བདེ་བསྐྲུན་རྒྱུ་དང་དུས་མཚུངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་སོཌ་ཚུད་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་འཛམ་གླིང་དབུས་ཤར་རྒྱུད་དང་མཚོ་ཁུག་ས་ཁུལ་གྱི་ཀྲུང་གོའི་སྤྱི་དམངས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རིམས་ནད་ཐོན་ཚུན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་འགན་ལེན་བྱེད་ཆེད་ལས་དོན་མང་པོ་བསྒྲུབས་པར་ང་ཚོས་ཐུགས་རྗེ་ཆེ་ཞུ། སླད་ཕྱིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཁོ་ཚོར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་སྟབས་བདེ་མུ་མཐུད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཝང་དབྱིས་ནད་དུག་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་དགྲ་བོ་ཡིན། ཏོག་གསར་གློ་ཚད་རིམས་ནད་སྐོར་གྱི་སྙན་ཞུ་སྤེལ་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་ཀྲུང་གོས་ཐོག་མ་ཉིད་ནས་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཆ་འཕྲིན་མཉམ་སྤྱོད་ཀྱིས་རིམས་ནད་ལ་འགོག་རྒོལ་གྱི་མཉམ་ལས་ཧུར་ཐག་བྱས་ནས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་རིམས་ནད་མ་མཆེད་སྔོན་འགོག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཉེ་དུས།
ཀྲུང་གོ་ཕྱོགས་ལ་ཁག་འགེལ་བྱེད་རྩིས་བྱེད་པ་དང་འབྲེལ་ཀྲུང་གོར་མིང་ཆད་ངན་པ་བཟོ་རྩིས་བྱེད་པའི་བྱ་སྤྱོད་འགའ་ཞིག་ཐོན་པ་ནི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་ཅིག་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་གནད་དོན་དེའི་ཐད་དོན་དངོས་དང་མཐུན་ལ་གཞུང་དྲང་གི་ལངས་ཕྱོགས་བཟུང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡིན། རིམས་ནད་ལ་སྙིང་རྗེ་མེད་ཀྱང་མིའི་དབར་བརྩེ་སེམས་ཡོད། དཀའ་སྡུག་འཕྲད་པའི་དུས་སུ་གཞི་ནས་ལྷད་མེད་བརྩེ་བ་མངོན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་བློ་རྩ་བརྟན་པོས་མཉམ་དུ་ལངས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་ཀྱི་ཡིན། རིམས་ནད་ཀྱི་ཞུན་བརྡར་དང་ཚོད་བགམ་བརྒྱུད། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་འབྲེལ་བ་དེ་བས་ཀྱང་བརྟན་དུ་འགྲོ་བ་དང་ཡུན་ནས་ཡུན་དུ་གནས་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ཨ་པུའུ་ཏུའུ་ལཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་ཕྱོགས་ཡོངས་བྱེད་ཐབས་དང་ནུས་ལྡན་སྤྱད་པ་ལས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་ཐུང་ཐུང་ནང་ནད་ཀྱི་རྐྱེན་གསལ་འབྱེད་བྱས་པ་དང་འབྲེལ་འཛམ་གླིང་སྐྱེ་བོ་ཀུན་དང་ནད་དུག་གི་གཞི་རྒྱུ་རིམ་སྒྲིག་མཉམ་སྤྱོད་བྱས་པ་ལས་སྔོན་ཐོན་གྱི་སྨན་བཅོས་ཚན་རྩལ་ཆུ་ཚད་དང་འགན་ཁུར་བའི་རྣམ་འགྱུར་མཚོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཕྲལ་ཐག་ཆོད་པོས་གྲོང་ཁྱེར་བཀག་སྡོམ་བྱས་ཏེ་རིམས་ནད་མ་མཆེད་སྔོན་འགོག་བྱས་པ་ལས་ཀྲུང་གོ་མི་དམངས་ཀྱི་བློ་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་མཚོན་གྱི་ཡོད། ཀྲུང་གོས་གྲུབ་འབྲས་ཐོབ་པའི་ངང་རིམས་ནད་ལ་འགོག་རྒོལ་བྱས་པ་ལས་ཀྲུང་གོ་ནི་ཤེས་དཔལ་དར་ནས་ལོ་ངོ་སྟོང་ཕྲག་འགའ་སོང་བའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་དང་ཀྲུང་ཧྭ་མི་རིགས་ནི་དཔའ་ངར་ཞུམ་མེད་ཀྱི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པ་སླར་ཡང་ར་འཕྲོད་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་གྲུབ་འབྲས་ཐོབ་པའི་ངང་རིམས་ནད་ལ་འགོག་རྒོལ་བྱས་ཏེ་རྒྱལ་ཁབ་ཁག་ལ་ཚད་ཤིང་བཙུགས་པ་དང་འཛམ་གླིང་གི་མི་དམངས་ལ་རེ་བའང་བཏོད་ཡོད། གལ་ཏེ་ཀྲུང་གོའི་འབད་བརྩོན་དང་ལེགས་སྐྱེས་མེད་ཚེ་འཛམ་གླིང་དུ་ནད་དུག་ཁྱབ་ཚུལ་དེ་བས་ཀྱང་ཚབས་ཆེ་རུ་འགྲོ་རྒྱུ་ཉག་ཅིག་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་དངོས་པོའི་རྒྱབ་སྐྱོར་དང་རྩ་ཆེའི་ཉམས་མྱོང་མཉམ་སྤྱོད་བྱས་པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ། ཀྲུང་གོ་ཕྱོཌ་ཀྱི་རྒྱབ་སྐྱོར་ཤུཌ་ཆེན་འོག་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ཐུབ་ངེས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྲ་བརྟན་དང་གོང་མཐོར་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1