གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༠༩ཉིན།

འཇར་པན་གྱིས་གཞི་རྒྱ་ཆེ་ཤོས་ཀྱི་དཔལ་འབྱོར་སྐུལ་འདེད་འཆར་གཞི་བཏོན་པ།

        ཟླ་4ཚེས་7ཉིན། ཏོག་གསར་རིམས་ནད་ཀྱིས་དཔལ་འབྱོར་ལ་བཟོས་པའི་དཀའ་ངལ་ཇེ་ཉུང་དུ་གཏོང་ཆེད། འཇར་པན་ནང་བློན་གྲོས་ཚོགས་ཀྱིས་ལོ་རྒྱུས་ཐོག་གི་གཞི་རྒྱ་ཆེ་ཤོས་ཀྱི་དཔལ་འབྱོར་སྐུལ་འདེད་ཀྱི་འཆར་གཞི་ལ་གྲོས་འཆམ་བྱུང་ཡོད་ཅིང་། སྤྱིའི་སྡོམ་འབོར་འཇར་པན་གྱི་སྒོར་མོ་དུང་ཕྱུར་ཁྲི་108(ཨ་སྒོར་1ནི་འཇར་པན་སྒོར་109ཙམ་ཡིན་པ)ཟིན་ཡོད། 
        ཐེངས་འདིའི་དཔལ་འབྱོར་སྐུལ་འདེད་འཆར་གཞི་ནང་དུ། ནོར་སྲིད་གཏོང་སྒོ་འཇར་སྒོར་དུང་ཕྱུར་ཁྲི་39.5ཟིན་ཞིང་། མ་དངུལ་འདི་དག་གཏོང་ས་ནི་གཙོ་བོ་ལས་གཉེར་གྲངས་ཚད་མར་ཆག་ཚད་ཆེ་བའི་ཁེ་ལས་ཆུང་འབྲིང་ལ་ཆེས་མང་ན་འཇར་པན་སྒོར་ཁྲི་200ཡི་ཁ་གསབ་བྱེད་པ་དང་། ཡོང་འབབ་འཕྲི་ཚད་ཆེ་བའི་སྒེར་གཉེར་བ་ལ་ཆེས་མང་ན་འཇར་པན་སྒོར་ཁྲི་100ཡི་ཁ་གསབ་བྱེད་པ། ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་ལ་“འཚོ་བའི་རོགས་སྐྱོར་ཁ་གསབ”སྤྲོད་པ་སོགས་རེད། 
        གཞན་ཡང་། སྲིད་གཞུང་གིས་སྨན་བཅོས་ཁེ་ལས་ཀྱིས་ཏོག་གསར་གློ་ཚད་དང་འབྲེལ་ཡོད་ཀྱི་སྨན་རྫས་ཐོན་སྐྱེད་ལ་རོགས་དངུལ་སྤྲོད་རྒྱུ་དང་། ཁེ་ལས་ཀྱིས་དབུགས་འབྱིན་རྔུབ་འཕྲུལ་ཆས་དང་ཁ་རས་སོགས་སྨན་བཅོས་དངོས་རྫས་ཐོན་སྐྱེད་རྒྱ་བསྐྱེད་པར་རོགས་སྐྱོར་བྱ་རྒྱུ། འཇར་པན་སྤྱི་ཚོགས་ནང་རྒྱང་སྦྲེལ་གཞུང་ལས་འཛུགས་རྒྱུ་དང་། ཁྱིམ་སྡོད་གཞུང་དོན་སྒྲུབ་པ་སོགས་དཔལ་འབྱོར་གྱི་རྣམ་པ་གསར་པའི་ཐད་ལ་རོགས་དངུལ་སྤྲོད་རྒྱུ་རེད། 
        དངུལ་རྩ་དང་དེ་བཞིན་ཁྲལ་འབབ་ཐད། འཇར་པན་གྱིས་སྲིད་གཞུང་ཁོངས་གཏོགས་དང་དེ་བཞིན་དམངས་ཁྲོད་དངུལ་རྩའི་སྒྲིག་གཞི་བརྒྱུད་དེ། མ་དངུལ་ཐད་དཀའ་ངལ་ཡོད་པའི་ཁེ་ལས་ལ་སྐྱེད་མེད་དངུལ་བུན་གཏོང་རྒྱུ་དང་། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་ཁྲིམས་མིའི་དཔྱ་ཁྲལ་དང་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་སོགས་གནས་སྐབས་རིང་ནར་འགྱངས་བྱ་ཆོག་པ་བྱས་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1