གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༠༣ཉིན།

ཁ་སང་ཁ་རས་གྱོན་པའི་ལྗོངས་སྐོར་བ་280ལྷག་གཟི་རྩ་སྡེ་དགུར་འབྱོར།


    ཟླ་3ཚེས་31ཉིན་གྱི་ཞོགས་པའི་ཆུ་ཚོད་8པར། གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་སྒོ་ཕྱེས་ཏེ། ལྗོངས་རྒྱུ་བ་སྣེ་ལེན་བྱས། ལྗོངས་ཁུལ་གྱི་ཞབས་ཞུའི་ལྟེ་གནས་སུ། ཞིང་ཆེན་ཕྱི་དང་ནང་གི་ས་གནས་སོ་སོ་ནས་ཡོང་བའི་ལྗོངས་སྐོར་བ་རྣམས་ཀྱིས་ཁ་རས་གྱོན་པ་དང་། ལུས་དྲོད་བརྟག་པ་དང་འཛིན་བྱང་བཤེར་རྗེས་རིམ་དགར་གྱིས་རླངས་འཁོར་དུ་བསྡད་དེ་ལྗོངས་ཁུལ་དུ་བསྐྱོད། 
    ལྗོངས་ཁུལ་ཞབས་ཞུའི་ལྟེ་གནས་ཀྱི་འཁོར་སླས་སུ། རེས་འཁོར་ཆེ་གྲས་དང་འབྲིང་གྲས་20སྟར་འཕྲེང་བསྒྲིགས་ནས་ལྗོངས་རྒྱུ་བ་སྐྱེལ་བསུ་ལ་སྒུག གློག་རྡུལ་འཆར་ངོས་རིང་བོ་དེའི་ངོས་སུ་ཁ་རས་གྱོན། ལག་པ་ཁྲུས། རླུང་རྒྱུ་སར་ཕྱོགས་པ་བཅས་ཀྱི་སྦྱར་ཡིག་གསལ་བོ་རེས་མོས་ཀྱིས་འཁོར་བཞིན་ཡོད་ཅིང་། ལྗོངས་གཟིགས་རླངས་འཁོར་དུ་མ་བུད་པའི་སྔོན་ལ། གཟི་རྩ་སྡེ་དགུ་རྫོང་དང་། གཟི་རྩ་སྡེ་དགུའི་ལྗོངས་ཁུལ་གྱི་དོ་དམ་ཅུས་སོགས་ཀྱི་འགོ་ཁྲིད་མི་སྣས་ལྗོངས་སྐོར་བར་དྲི་མེད་དྭངས་གཙང་གི་དར་ཁ་འཐེན་པ་དང་། ཁ་རས་དང་གཏེར་ཆུ་སོགས་བྱིན་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམ་འདྲི་ཞུས།


     གཟི་རྩ་སྡེ་དགུའི་དོ་དམ་ཅུས་དང་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར། བསྡོམས་པས་མི་287གྱིས་འཛིན་བྱང་མངགས་ཉོ་བྱས་ཡོད་ཅིང་། དེའི་ནང་དུ་ཞིང་ཆེན་ཕྱིའི་ལྗོངས་སྐོར་བ་147ཡོད་དོ།།

39.7K

རྩོམ་ཡིག་རྗེས་མ།
༄༅།། སེམས་ཚོར།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1