གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༠༢ཉིན།

G20ཚོགས་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་རྒྱལ་སྤྱིའི་ཚོང་དོན་ལ་དགོས་མེད་ཀྱི་འགལ་རྐྱེན་མི་བཟོ་བ་བྱེད་དགོས་ཞེས་བསྟན་པ།


     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཡ་ཏེ་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཉི་ཤུ་ཚོགས་པའི(G20)ཚོང་དོན་དང་མ་འཇོག་པུའུ་ཀྲང་གིས་ཚེས་30ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་རྒྱལ་སྤྱིའི་ཚོང་དོན་ལ་དགོས་མེད་ཀྱི་འགལ་རྐྱེན་མི་བཟོ་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
     དེ་ཉིན། G20ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་བརྙན་ལམ་བརྒྱུད་G20ཚོགས་པའི་ཚོང་དོན་དང་མ་འཇོག་པུའུ་ཀྲང་གི་དམིགས་བསལ་ཚོགས་འདུ་འཚོགས་ཏེ་ཏོག་གསར་གློ་ཚད་རིམས་ནད་ལས་གོ་ལ་ཧྲིལ་པོར་ཐེབས་པའི་ཤུགས་རྐྱེན་དང་G20ཚོགས་པས་ཁ་གཏད་གཅོག་པའི་བྱ་སྤྱོད་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད།
     ཚོགས་འདུ་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་། ཚོང་དོན་པུའུ་ཀྲང་དང་མ་འཇོག་པུའུ་ཀྲང་ཚོས་རིམས་ནད་ལ་དམིགས་ནས་སྤྱད་པའི་ཛ་དྲག་བྱ་ཐབས་ལ་དམིགས་སའི་རང་བཞིན་དང་། འོས་འཚམ་རང་བཞིན། ཕྱི་གསལ་ནང་གསལ་དང་སྐབས་འཕྲལ་རང་བཞིན་བཅས་ཡོད་དགོས་པ་དང་། འབྲེལ་ཡོད་སྲིད་ཇུས་ལས་རྒྱལ་སྤྱིའི་ཚོང་དོན་ལ་དགོས་མེད་ཀྱི་འགལ་རྐྱེན་མི་བཟོ་བའམ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་སྦྲེལ་ལ་གཏོར་བཤིག་རང་བཞིན་གྱི་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་ཅེས་བསྟན་པ་རེད།
     གསལ་བསྒྲགས་ནང་། G20ཚོགས་པས་ཧུར་བརྩོན་ཆེན་པོས་འགག་རྩའི་སྨན་བཅོས་མཁོ་ཆས་དང་སྒྲིག་ཆས་དང་། ཞིང་ལས་ཐོན་ཟོག རྨང་གཞིའི་དངོས་ཟོག་དང་ཞབས་ཞུ་གཞན་བཅས་མངའ་ཁོངས་སྒྲོལ་ནས་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་ཅེས་བསྟན་པ་རེད།
     གསལ་བསྒྲགས་ནང་། G20ཚོགས་པས་དགོས་ངེས་ཀྱི་བྱ་ཐབས་འཕྲལ་དུ་སྤྱད་དེ་འབྲེལ་ཡོད་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་ལ་སྟབས་བདེ་བསྐྲུན་རྒྱུ་མ་ཟད། རྒྱལ་བབ་མི་འདྲ་བར་གཞིགས་ཏེ་སྐུལ་ལྕག་བྱ་ཐབས་དང་དམིགས་བཙུགས་ཀྱི་མ་འཇོག་ལ་བརྟེན་ནས་ཐོན་འབོར་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་བྱེད་པ་དང་ཆབས་ཅིག་ཁེ་བཟང་ཆེན་པོ་ཧམ་ཟ་དང་ཟོག་གོང་ཧམ་སྤོར་གྱི་བྱེད་སྤྱོད་ཐོན་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
     གསལ་བསྒྲགས་ནང་ད་དུང་། G20ཚོགས་པས་ལས་རིགས་ཁག་གཅིག་གི་བཟོ་པ་དང་ཁེ་ལས་ལ་འཕྲད་པའི་འགྲན་སློང་ཛ་དྲག་པོར་དོ་ཁུར་བྱེད་ཀྱི་ཡོད་ལ་མཉམ་སྡེབ་ཀྱི་ཁ་གཏད་གཅོག་ཐབས་སྤྱད་དེ་འབྲེལ་ཡོད་ཁེ་ལས་དང་ལྷག་དོན་དུ་ཁེ་ལས་འབྲིང་གྲས་དང་ཆེས་ཆུང་གྲས་དང་དེ་བཞིན་ལས་མིར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1