གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་མགྱོགས་འཚོལ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༠༡ཉིན།

སྔོན་དཔག་ལྟར་ན་ཟླ་8ཚེས་8ཉིན་ལྷ་སའི་ཝན་ཏ་ཚོང་རའི་སྒོ་འབྱེད་རྒྱུ་ཡིན་པའི་གནས་ཚུལ་གསར་ཤོས།


ལྷ་ས་ཝན་ཏ་ཚོང་རའི་སྔོན་དཔག་དཔེ་རིས།
           2018ལོའི་ཟླ་6པའི་ཚེས་23ཉིན། ལྷ་ས་གྲོང་ཁྱེར་ནས་འཚོགས་པའི་ལྷ་སའི་མཁར་གྲོང་མ་འཇོག་གི་ལས་གཞི་ཆེན་པོའི་ཆིངས་འཇོག་བཟོ་སྐྲུན་གྱི་དབུ་འཛུགས་མཛད་སྒོའི་སྟེང་། ལྷ་ས་མཁར་ཞོལ་ཁུལ་གྱི་ཝན་ཏ་ཚོང་རའི་གན་རྒྱ་བཞག་པ་དེས་ཝན་ཏ་ཚོང་ར་ལྷ་ས་ནས་གཞིས་ཆགས་པ་མཚོན་ཡོད། ལོ་གཉིས་ཀྱི་ཨར་ལས་འཛུགས་སྐྲུན་བྱས་པ་བརྒྱུད།  ལྷ་ས་མཁར་ཞོལ་ཁུལ་གྱི་ཚོང་རའི་སྤྱིའི་འཛུགས་སྐྲུན་བྱེད་ཚད་60%ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཟླ་8པའི་ཚེས་8ཉིན་སྒོ་ཕྱེས་ཏེ་ཚོང་གཉེར་བྱེད་འགོ་ཚུགས་རྒྱུ་རེད།  
           ལས་ཡུན་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ།  ལས་གཞི་འཛུགས་སྐྲུན་གང་མགྱོགས་ཀྱིས་ལེགས་གྲུབ་ཡོང་བར་བརྩོན་ལེན་བྱེད་པ།  
          ལྷ་ས་མཁར་ཞོལ་ཁུལ་གྱི་ཝན་ཏ་ཚོང་ར་དེ་ལྷ་ས་གྲོང་ཁྱེར་རྔ་ཆེན་ཤར་ལམ་དང་ཤར་ལམ་གཉིས་པའི་བཞི་མདོའི་ཤར་ལྷོའི་མཚམས་སུ་གནས་པ་དང་། ལས་གཞི་འདི་ལས་འགོ་ཚུགས་པ་ནས་བཟུང་ཚང་མས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ཟླ་3པའི་ཚེས་25ཉིན། གསར་འགོད་པ་མཁར་ཞོལ་ཁུལ་གྱི་ཝན་ཏ་ཚོང་རའི་ཨར་ལས་བྱ་ཡུལ་དུ་བསྐྱོད་སྐབས་བཟོ་པ་ཚོས་གོ་རིམ་ལྡན་པའི་ངང་ལས་ཀར་བྲེལ་བཞིན་ཡོད་པ་དང་། ལས་གཞིའི་རྣམ་གྲངས་ཁག་གི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་མཆིས། 

ལྷ་ས་ཝན་ཏ་ཚོང་རའི་ཨར་ལས་བྱེད་ཡུལ་ཡིན། 
            ཀྲུང་གོའི་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་གཉིས་པའི་མཁར་ཞོལ་ཁུལ་ཝན་ཏ་ཚོང་ར་འཛུགས་སྐྲུན་ལས་གཞིའི་སྤྱི་ཁྱབ་བཟོ་བཀོད་པ་དང་ཐོན་སྐྱེད་སྤྱི་གཉེར་བ་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས་པའི་ཝང་མེང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལས་གཞི་འདི་ཟླ་3པའི་ཚེས་15ཉིན་དངོས་སུ་ལས་འགོ་བསྐྱར་ཚུགས་བྱས་ཤིང་། མིག་སྔར་འཛུགས་སྐྲུན་ནང་ཞུགས་མཁན་གྱི་བཟོ་པ་613ཡོད་པ་དང་། བཅར་འདྲི་བྱེད་པའི་ཉིན་དེར་བཟོ་པ་506གིས་ལས་ཀ་བྱེད་བཞིན་ཡོད་ལ། རིམས་ནད་འགོག་སྲུང་གི་སྲིད་ཇུས་ལེགས་སྒྲིག་བྱས་པ་དང་བསྟུན་ནས་ཉེ་དུས་བཟོ་པ་འབོར་ཆེན་ཞིག་རྒྱུན་གཏན་ལྟར་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ནང་ཞུགས་རྒྱུ་ཡིན་པ་རེད།  
           “ལས་གཞི་འདི་ད་ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་གནམ་གཤིས་ཀྱི་རྐྱེན་པས་དགུན་ཁའི་གུང་གསེང་དུ་སླེབས་པ་དང་། ཟླ་2ལྷག་རིང་ངལ་གསོ་བྱས་པས་ད་ཆ་ཁག་སོ་སོའི་འཛུགས་སྐྲུན་ཚང་མ་རྒྱུན་གཏན་ལྟར་ཨར་ལས་བྱ་རྒྱུར་སླར་གསོ་བྱུང་ཡོད། ”ཝང་མེང་གིས་“ལས་ཀ་སླར་གསོ་བྱས་པ་ནས་བཟུང་། ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ལས་ཡུན་བཀོད་སྒྲིག་ལུགས་མཐུན་དང་ཨར་ལས་ལས་ཕྱོད་ཆེ་རུ་བཏང་སྟེ། ལས་གྲྭའི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གྲྭའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ལས་གཞིའི་འཛུགས་སྐྲུན་གང་མགྱོགས་ཀྱིས་ལེགས་གྲུབ་ཡོང་བར་བརྩོན་ལེན་བྱེད་ཀྱིན་ཡོད། སྔོན་དཔག་བྱས་ན་ད་ལོའི་ཟླ་8པའི་ཚེས་8ཉིན་སྒོ་ཕྱེས་ཏེ་ཚོང་གཉེར་བྱེད་མགོ་བཙུག་ཆོག ”ཅེས་གསུངས། 

ལྷ་ས་ཝན་ཏ་ཚོང་རའི་སྔོན་དཔག་དཔེ་རིས། 
           སྤྱིའི་སྒྲོམ་གཞི་གྲུབ་ཟིན་པ་དང་སྔོན་དཔག་ལྟར་ན།  ཟླ་5པའི་ཟླ་མགོར་གྱང་ངོས་མཛེས་བཟོ་ལེགས་པར་འགྲུབ་རྒྱུ་རེད། 
          རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་མཁར་ཞོལ་ཁུལ་གྱི་ཝན་ཏ་ཚོང་རའི་འཛུགས་སྐྲུན་ལས་གཞི་དེ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་མ་འཇོག་འཛུགས་སྐྲུན་ལས་གཞི་དོ་དམ་ཚད་ཡོད་ཀུང་སིས་ཚབ་སྐྲུན་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཇུས་འགོད་གླིང་གིས་ཇུས་འགོད་བྱས། ཀྲུང་གོའི་འགྲིམ་འགྲུལ་གཞུང་ལམ་ལས་གྲྭ་ཅུས་གཉིས་པའི་ཚད་ཡོད་ཀུང་སི་ལྔ་པས་བཟོ་སྐྲུན་འགན་འཁུར་ཏེ། ཧོ་ནན་ཀྲུང་ཐའེ་ལས་གྲྭ་བློ་འདྲི་ལྟ་སྐུལ་དོ་དམ་ཚད་ཡོད་ཀུང་སིས་ལྟ་སྐུལ་དོ་དམ་བྱས་པ་ཞིག་རེད།  
མིག་སྔར། ལྷ་ས་མཁར་ཞོལ་ཁུལ་གྱི་ཝན་ཏ་ཚོང་རའི་སྒྲོམ་གཞི་ཧྲིལ་པོ་གྲུབ་ཟིན་ནས་བཟོ་བཀོད་ཀྱི་སྒྲོམ་ཧྲིལ་པོ་ཆགས་འདུགགསར་འགོད་པ་ཚོང་རའི་ནང་དུ་བསྐྱོད་སྐབས་བཟོ་པ་ཁག་ཅིག་གིས་ཤེལ་གྱི་སྲུང་ར་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་ཁག་ཅིག་གིས་སྤུས་ལེགས་རྒྱུ་ཆ་ལ་ལས་སྣོན་བྱེད་བཞིན་པ་མཐོང་བྱུང་།  
           ཝང་མེང་གིས་མཚམས་སྦྱོར་གནང་བ་ལྟར་ན། མིག་སྔར་རྣམ་གྲངས་དེའི་འཛུགས་སྐྲུན་བྱེད་ཚད་60%ལེགས་གྲུབ་ཟིན་པ་དང་གོམ་སྟབས་རྗེས་མར་གྱང་ངོས་ནང་ཁུལ་གྱི་ནུས་པའི་མ་ལག་སྒྲིག་སྦྱོར་དང་མཛེས་བཟོ་བྱེད་པའི་དུས་མཚམས་སུ་སླེབས་རྒྱུ་རེད།  “ནང་ཁུལ་གྱི་སྒྲིག་བཟོའི་ངོས་ནས་བརྗོད་ན། ང་ཚོས་དྲོད་སྙོམས་དང་མེ་ཟོན། རླུང་རྒྱུ་སོགས་ནུས་པའི་རང་བཞིན་གྱི་མ་ལག་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་། ཐོག་སོ་གཉིས་པ་དང་གསུམ་པའི་སྒྲིག་སྦྱོར་ལས་གྲྭ་80%ཡས་མས་ལེགས་གྲུབ་ཟིན་པ་དང་། ཐོག་སོ་དང་པོའི་ལས་ཀ་སྣོལ་མར་བྱས་པའི་དབང་གིས་མྱུར་ཚད་ཅུང་འགོར་གྱིན་ཡོད། གྱང་ངོས་ཀྱི་མཛེས་བཟོའི་ཆ་ནས་བརྗོད་ན། ཨར་ལས་ཅུང་རྙོག་འཛིང་ཆེ་ཙམ་ཡོད་པས་སྔོན་དཔག་བྱས་ན་ཟླ་5པའི་ཟླ་མགོར་གྱང་ངོས་མཛེས་བཟོ་ལེགས་པར་འགྲུབ་ངེས་ཡིན་པ་དང་། སྐབས་དེ་དུས་གྲོང་མི་རྣམས་ཀྱིས་ཝན་ཏ་ཚོང་རའི་ཕྱི་དབྱིབས་ཧྲིལ་པོའི་རྣམ་པ་མཐོང་ཐུབ།  

ལྷ་ས་ཝན་ཏ་ཚོང་རའི་སྔོན་དཔག་དཔེ་རིས། 
           ཚོང་ལས་དང་འཚོ་བ། རོལ་རྩེད་བཅས་གཞི་གཅིག་ཏུ་བསྡུས་ནས་ལྷ་སའི་གྲོང་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་ཁྱོན་ཡོངས་ནས་བསྐང་བར་ངེས། 
           ལྷ་ས་མཁར་ཞོལ་ཁུལ་གྱི་ཝན་ཏ་ཚོང་རའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་162740ཡོད་པ་དང་། དེའི་ཁྲོད་ས་འོག་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་49300དང་ས་སྟེང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་113440ཡོད་པ་རེད། ལྕགས་རྫིངས་ཀྱི་རྨང་གཞི་དང་སྒྲོམ་གཞིའི་སྒྲིག་གཞི་ལ་ས་འོག་ཏུ་བང་རིམ་1དང་ས་ངོས་སུ་བང་རིམ་3བཅས་ཡོད་པ་དེར་སྤྱིའི་མཐོ་ཚད་ལ་སྨི་20.6ཡོད།  
           ཝང་མེང་གིས་མཚམས་སྦྱོར་གནང་བ་ལྟར་ན། བྱེད་ནུས་དང་བཀོད་སྒྲིག་བྱེད་ཚུལ་ཐད་ནས་བརྗོད་ཚེ། ལྷ་ས་མཁར་ཞོལ་ཁུལ་གྱི་ཝན་ཏ་ཚོང་རའི་བང་རིམ་དང་པོའི་ནང་སྒོ་རྩིས་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་གི་མདུན་ར། ས་འོག་རླངས་འཁོར་འཇོག་ས་དང་དེ་བཞིན་སྒྲིག་ཆས་ཁང་པ་བཅས་ཡོད། ཐང་ཆེན་གྱི་བང་རིམ་དང་པོར་གཙོ་ཤུགས་ཚོང་ཁང་དང་པོ་དང་། གཙོ་ཤུགས་ཚོང་ཁང་གཉིས་པ། སུའུ་ཉིང་གློག་ཆས། སྒོ་རྩིས་ཚོང་ཁང་གི་འཛུལ་སྒོ། ཁང་པའི་ནང་གི་རྐང་ཐང་ཁྲོམ་གཞུང་བཅས་ཡོད། ཚོང་རའི་བང་རིམ་གཉིས་པར་བྱིས་པ་གྲགས་ཅན་དང་། གཅེས་ཕྲུག་རྒྱལ་པོ། སྔ་སློབ། རྩེད་མཁན་ཆེན་པོ། གཙོ་ཤུགས་ཚོང་ཁང་འབྲིང་བ་གསུམ་པ། གཙོ་ཤུགས་ཚོང་ཁང་འབྲིང་བ་བཞི་པ། ཁང་པའི་ནང་གི་རྐང་ཐང་ཁྲོམ་གཞུང་བཅས་ཡོད། ཚོང་རའི་བང་རིམ་གསུམ་པར་གློག་བརྙན་ཁང་དང་། གཙོ་ཤུགས་ཚོང་ཁང་འབྲིང་བ་ལྔ་པ། ཁང་པའི་ནང་གི་རྐང་ཐང་ཁྲོམ་གཞུང་། བཟའ་བཏུང་བཅས་ཡོད། ཐང་ཆེན་གྱི་བང་རིམ་བཞི་བར་(ཆ་ཤས་བཞི་ཐོག་)གློག་བརྙན་ཁང་གི་གཞུང་ལས་ཁང་དང་། གཙོ་ཤུགས་ཚོང་ཁང་ཕལ་བ་དྲུག་པ། ཚོང་དོན་དོ་དམ་དུ་སྤྱོད་པའི་ཁང་བ། ལས་བཟོ་པའི་ཟ་ཁང་། ཁང་ཐོག་གི་སྒྲིག་ཆས་ཁང་པ་སོགས་ཡོད།  
          ལྷ་ས་མཁར་ཞོལ་ཁུལ་གྱི་ཝན་ཏ་ཚོང་ར་བསྐྲུན་ཚར་རྗེས། ཚོང་ལས་དང་འཚོ་བ། རོལ་རྩེད་བཅས་གཞི་གཅིག་ཏུ་སྦྲེལ་ནས་ལྷ་སའི་གྲོང་མི་རྣམས་ཀྱི་དགོས་མཁོ་ཁྱོན་ཡོངས་ནས་བསྐང་ཐུབ་པ་བྱ་རྒྱུ་རེད།  
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1