གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༧ཉིན།

དཀར་མཛེས་རྫོང་གིས་གོ་རིམ་ལྡན་པའི་ངང་རྣམ་གྲངས་གལ་ཆེན་ལས་འགོ་ཚུགས་པར་སྐུལ་འདེད་བཏང་བ།


         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན། རྩོམ་པ་པོ་རླངས་འཁོར་ལ་བསྡད་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཤིས་པ་དཔྱང་ཟམ་བསྐྱར་སྐྲུན་ལས་གྲྭའི་ཡུལ་དངོས་སུ་སླེབས་པ་དང་། རླངས་འཁོར་ལས་གྲྭའི་སྒོ་ཆེན་དུ་འཛུལ་མ་ཐག་ཁ་རས་གྱོན་པའི་ལས་དོན་མི་སྣ་ཞིག་རླངས་འཁོར་གི་མདུན་དུ་འབྱོར་ནས་འགྲོ་མི་ཆོག་པའི་བརྡ་བཏང་བྱུང་། རྩོམ་པ་པོས་ཡོང་དོན་གསལ་བཤད་བྱས་སྐབས། ཕ་རོལ་པོས་མྱུར་དུ་དྲོད་ཚད་འཇལ་ཆས་དང་། ཐོ་འགོད་དེབ། དུག་སེལ་གཤེར་ཁུ་བཅས་ཁྱེར་ཡོང་ནས་རླངས་འཁོར་ནང་གི་མིའི་ལུས་ཀྱི་དྲོད་ཚད་འཇལ་བ་དང་ཐོ་འགོད་བྱས། ལས་གྲྭའི་སྒོ་ཆེན་འགྲམ་དུ་གཅིག་རྗེས་གཉིས་མཐུད་ངང་ལས་ཀར་ཞུགས་མཁན་བཟོ་བ་ཚང་མས་ཁ་རས་གྱོན་ཡོད་ལ།  བར་ཐག་ངེས་ཅན་ཞིག་བཟུང་ནས་གྲལ་སྒྲིག་པ་དང་། ལས་དོན་མི་སྣས་ཁོ་ཚོའི་གཟུགས་པོའི་དྲོད་ཚད་འཇལ་ནས་ཚད་གཞི་ལོན་རྗེས་ད་གཟོད་ལས་ཀར་ཞུགས་བཞིན་ཡོད།
ཤིས་པ་དཔྱང་ཟམ་གྱི་ལས་གྲྭའི་ཡུལ་དངོས།
         “ང་ཚོས་ཟླ་3ཚེས་2ཉིན་དཀར་མཛེས་རྫོང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་འཕྲལ་སྒྲུབ་བཀོད་འདོམས་པུའུ་ལ་ལས་འགོ་བསྐྱར་འཛུགས་བྱ་ཆོག་པའི་རེ་ཞུ་བྱས་པ་ཡིན་ལ། དུས་མཚུངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་པ་ཡིན།“དེ་ལྟར་ཤིས་པ་དཔྱང་ཟམ་བསྐྱར་སྐྲུན་རྣམ་གྲངས་ཀྱི་འགན་འཛིན་པས་ངོ་སྤྲོད་བྱས་པར་གཞིགས་ན། བཀོད་འདོམས་པུའུ་ཡིས་ཐེངས་མང་པོར་ཡུལ་དངོས་ཞིབ་བཤེར་དང་རྩིས་ལེན་བྱས་ནས་ཆོག་མཆན་ཐོབ་རྗེས། རྣམ་གྲངས་དེ་ཟླ་3ཚེས་6ཉིན་ནས་བཟུང་རིམ་བཞིན་ལས་འགོ་བསྐྱར་ཏུ་ཚུགས་པ་ཡིན་ལ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཆེད་ལས་གྲྭས་བཟོ་པར་ཁ་རས་དང་དུག་སེལ་གཤེར་ཁུ་སོགས་འགོག་སྲུང་དངོས་པོ་གྲ་སྒྲིག་བྱས་ཡོད།
         རྫོང་ཡོངས་ཀྱི་རྣམ་གྲངས་གལ་ཆེན་གྱི་གྲས་སུ་གྱུར་པའི་ཤིས་པ་དཔྱང་ཟམ་བསྐྱར་སྐྲུན་རྣམ་གྲངས་ནི་དཀར་མཛེས་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་བྱས་པའི་མངོན་ཚུལ་ཞིག་རེད། རྩོམ་པ་པོས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རྫོང་དེའི་འབྲེལ་ཡོད་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རྒྱུན་མཐུད་འཛུགས་སྐྲུན་རྣམ་གྲངས་169དང་གསར་སྐྲུན་རྣམ་གྲངས་143ཡི་ལས་འགོ་བསྐྱར་དུ་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་རྫོང་གིས《རྫོང་རིམ་པའི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཇུས་གཞི》ཞིབ་འཇུག་གཏན་འབེབས་མཛད་པ་དང་། “རྣམ་གྲངས་གཅིག་དང་ཇུས་གཞི་གཅིག”གི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས། ལས་འགོ་བསྐྱར་དུ་འཛུགས་པར་ཆ་རྐྱེན་འཛོམས་པའི་རྣམ་གྲངས་ལ་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་དང་། རྒྱུན་གཏན་གྱི་བདེ་ཐང་དོ་དམ། ལས་ཀའི་ཁོར་ཡུག་ལ་དུག་སེལ་བྱེད་པ། སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་སྒྲོག་བྱེད་པ། ཁ་ཐོར་དུ་ཟ་མ་ཟ་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། བཀག་སྡོམ་ལས་སྒྲུབ་སོགས་ཀྱི་བྱ་ཐབས་སྤྱད་དེ་བརྒྱུད་བསྒྲགས་ཀྱི་འབྲེལ་ཐག་བཅད་ནས། རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་རྐྱེན་མི་ཐེབས་པར་འགན་ལེན་བྱས་པ་རེད། ནན་འགོག་བྱ་ཐབས་ལག་ལེན་བསྟར་བ་སྟེ། རྣམ་གྲངས་ཚང་མར་ལོགས་བཀར་ཁུལ་བཙུགས་ནས་ཆེད་མངགས་མི་སྣས་ལུས་དྲོད་ཞིབ་དཔྱད་ཚད་ལེན་དང་ཕྱི་ཡོང་མི་སྣའི་ཐོ་འགོད་སོགས་ཀྱི་འགན་འཁུར་བ་དང་། ལས་གྲྭའི་ཡུལ་དངོས་དང་། བཟོ་སྐྲུན་ཀྱི་སྒྲིག་བཀོད་དང་སྒྲིག་ཆས། འཚོ་བའི་ཁུལ་བཅས་སུ་ཉིན་རེར་དུག་སེལ་ཐེངས་གཉིས་བྱེད་པ་དང་། ལས་བཟོ་བར་ཁ་རས་སྤྲད་ནས་ཁ་རས་གྱོན་རྒྱུར་སྐུལ་མ་བྱེད་བཞིན་ཡོད།
         དེ་དང་ཆབས་ཅིག་ད་ལོ་དཀར་མཛེས་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་འཐབ་ཇུས་བྱེད་ཐབས་ལ་དམིགས་ཏེ། གྲོང་ཁྱེར་འཛུགས་སྐྲུན་དང་། ཡུལ་སྐོར། དམངས་འཚོ་བཅས་གཙོ་གནད་དུ་བཟུང་བ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པ་ལ་བརྟེན་ནས། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ནས་ལོ་འདིའི་ནང་གི་གཙོ་གནད་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་འགུལ་སྐྱོད་ཀྱི་རྣམ་པའི་སྒོ་ནས་བདག་དམ་བྱ་རྒྱུ་རེད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1