གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༧ཉིན།

ལི་ཐང་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་རང་ས་ནས་སྒོར་ཁྲི་21ལྷག་བྲིན་པ།


     ཟླ་3ཚེས་24ཉིན། གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་ཨུ་ནས་ཤེས་རྟོགས་བྱུང་གསལ། “ཞབས་ཞུ”དང་བླངས་ཞབས་ཞུ་དང་དབུལ་སྐྱོར་བརྩེ་སེམས་རང་འདེམས་ཚོང་ར་ཟུང་འབྲེལ་བྱས་པ་བརྒྱུད། རྫོང་དེར་ལུས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དག་རང་ས་ནས་སྒོར་ཁྲི་21ལྷག་བྲིན་ཡོད། 
ལི་ཐང་རྫོང་དང་བར་ཐག་སྤྱི་ལེ་43གྱིས་ཆོད་པའི་མཚོ་གསུམ་ཤང་ལྷ་འགོ་གྲོང་ཚོ་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ལྷ་འགོའི་ནས་ཀྱི་བཟོས་པའི་འཁྱོག་གཅུས་མངར་གོར་གྱི་སྤུས་ཚད་ཁག་ཐེག་དུས་ཡུན་ཐུང་ཞིང་། རིམས་ནད་ཀྱི་རྐྱེན་པས་ཕྱིར་འཚོང་མ་ཐུབ་པའི་གནས་ཚུལ་གྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཏེང་ཞའོ་ཞཱ་སེམས་ཁྲལ་ཆེན་པོ་བཟོས་ཡོད་ལ། སྒོར་མོ་སྤྱོད་རྒྱུ་མཁོ་བའི་གྲོང་མི་བསྟན་འཛིན་ཡང་བཙུགས་མ་ཐག་པའི་མཉམ་ལས་ཁང་ལ་སེམས་ཁྲལ་བཟོས་ཡོད། 

    གནད་དོན་དེའི་ཐད། གུང་གཞོན་ཚོགས་པ་རྫོང་ཨུ་ཡིས་རིམས་འགོག་འཕྲལ་སྒྲུབ་རུ་ཁག་གཙོ་བོ་བྱས་པའི་“ཞབས་ཞུ”ན་གཞོན་དང་བླངས་པའི་ཞབས་ཞུ་རུ་ཁག་བེད་སྤྱད་ནས། ཞིང་འབྲོག་ཁུལ་དུ་འཚོང་རྒྱུར་ལུས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དབུལ་སྐྱོར་བརྩེ་སེམས་རང་འདེམས་ཚོང་ར་བརྒྱུད་ནས་ཐད་ཀར་ལི་ཐང་རྫོང་“རང་སོ་སོའི་ཁྱིམ་དུ”སྐྱེལ་བ་རེད། མགྱོགས་མྱར་ངང་བརྩེ་སེམས་དབུལ་སྐྱོར་རང་འདེམས་ཚོང་ར་ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་བགྲོ་གླེང་ཚོགས་པ་བཙུགས་པ་མ་ཟད། ད་དུང་ས་ཁུལ་སོ་སོར་དམིགས་བཙུགས་མི་སྣ་བཞག་ཡོད་ལ། དུས་མཚུངས་སུ། ལི་ཐང་རྫོང་དབུལ་སྐྱོར་བརྩེ་སེམས་རང་འདེམས་ཚོང་རའི་སྐད་འཕྲིན་ཚོགས་པ་4བཙུགས་པ་དང་། ཁྱོན་བསྡོམས་ལས་བྱེད་མང་ཚོགས་2000ལྷག་ཚོགས་པའི་ནང་བཅུག་ནས་ཉོ་སྒྲུབ་བྱས་པ་མ་ཟད། ཐུན་མོང་དཔལ་འབྱོར་དང་མཉམ་ལས་ཁང་དུ་ལུས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་བཙོང་ཡོད་པ་རེད།  


    མིག་སྔའི་བར་ཞབས་ཞུ་དེས་ཁྱོན་སྡེབ་སྐྱེལ་ཐེངས་60000ལྷག་ཙམ་བྱས་ཡོད། ས་གནས་དེ་གའི་ཐོན་རྫས་ཁྱོན་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་21ལྷག་ཙམ་ཟིན་ཡོད་པས། ལི་ཐང་ས་གནས་རང་གི་“འཛད་སྤྱོད་དབུལ་སྐྱོར”ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
 “རིམས་ནད་ཐོན་རིང་། གུང་གཞོན་ཚོགས་པ་རྫོང་ཨུ་ཡིས་གནད་འཁེལ་དབུལ་སྐྱོར་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཟུང་འབྲེལ་ནུས་ལྡན་བྱས་པ་བརྒྱུད། མཉམ་སྡེབ་དཔལ་འབྱོར་དང་མཉམ་ལས་ཁང་གི་བྲིན་ཁ་རྒྱུག་པོ་མེད་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ལ་ཚོང་ལམ་རྙེད་བཅུག་ཅིང་། ལི་ཐང་རྫོང་གི་དབུལ་སྐྱོར་གཅེས་སེམས་སྒོ་རྩིས་ཚོང་ཁང་གི་ལས་སྟེགས་ཀྱི‘ཕན་འབྲས་ཆེ་ཤོས’འདོན་སྤེལ་བྱས་པ་དང་། ལས་བྱེད་མང་ཚོགས་རིམས་འགོག་རིང་ཕྱིར་ཐོན་མི་དགོས་པར་ ‘ཚོང་ཟོག་མངགས་པ་དང་སྡུད་པ’བྱས་ཏེ། དམིགས་བསལ་དུས་སྐབས་སུ‘གཅིག་གོ་མང་ཆོད་’མངོན་འགྱུར་ཐུབ་པ་བྱས་ཡོད།”ཅེས་གུང་གཞོན་ཚོགས་པ་རྫོང་ཨུ་ཧྲུའུ་ཅི་ཚེ་རིང་བསོད་ནམས་ཀྱིས་དགའ་ཚོར་ཆེན་པོས་བཤད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1