གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཞིང་ཁམས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༧ཉིན།

བོད་ཀྱི་གསོ་རིག་གཞུང་ལུགས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་གདམས་ངག་ཅིག


          བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་རྒྱུན་སྤྱོད་དང་། དུས་སྤྱོད། གནས་སྐབས་སྤྱོད་ལམ་སོགས་སྤྱོད་ལམ་གྱི་རིགས་དང་ཟས་སྐོམ་ཚུལ་བཞིན་བསྟེན་རྒྱུའི་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་ཆ་ཚང་བསྟན་ཡོད། དེ་དག་ལག་ལེན་ཚུལ་བཞིན་བྱ་ཐུབ་ན་རང་ཉིད་ཀྱི་བདེ་ཐང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། དེའི་སྐོར་ལ་སྨན་པ་འབུམ་རམས་པ་གཡུང་དྲུང་བཀྲ་ཤིས་ལགས་ཀྱིས་འགྲེལ་བཤད་གཏིང་ཟབ་གནང་ཡོད།

དཔྱིད་དུས་ཀྱི་ཟས་སྐོམ་དང་སྤྱོད་ལམ།
          དཔྱིད་དུས་ཕྱི་རོལ་དུ་ཉི་འོད་དྲོ་བས་ནང་གི་མེ་དྲོད་ཉམས་ནས་བད་ཀན་གྱི་ནད་སྐྱེད་སླ་བས།   ཟས་རོ་ཁ་བ་དང་ཚ་བ།  བསྐ་བའི་རིགས་དང་། ནས་རྙིང་དང་སྐམ་སའི་ཤ སྦྲང་རྩི། ཆུ་ཁོལ། སྒ་ཐང་སོགས་ནུས་པ་རྩུབ་པའི་རིགས་བསྟེན་པར་བྱའོ། །དཔྱིད་དུས་སྤྱོད་ལམ་རྩོལ་བཅག་རན་པར་བྱ་ཞིང་།  དྲིལ་ཕྱིས་བྱེད་པ།  དྲི་ཞིམ་སྐྱེད་མོས་ཚལ་གྱི་ཉི་གྲིབ་ལ་སྤྲོ་གསེང་བྱེད་པ་སོགས་ལེགས།

ཟས་སྐོམ་རན་པར་བསྟེན་པ། 
          དུས་ཀུན་ཏུ་ཟས་སྨན་ལོག་པའི་སྐྱོན་མེད་པར་ལེགས་ཉེས་ཤེས་པའི་ཚོད་ཀྱིས་ཇི་ལྟར་རན་པ་དེ་ལྟར་དུ་བསྟེན་པར་བྱའོ། །དུས་རྒྱུན་དུ་ཟས་སྐོམ་གྱི་ཕན་གནོད་ལེགས་པར་བརྟག་སྟེ་ལོངས་སྤྱད་ན། ལུས་དང་སྲོག་ལ་ཕན་པས་ཡུན་རིང་དུ་འཚོ་ཞིང་། བབ་ཅོལ་དུ་ཟོས་ཤིང་འཐུང་ན་ནད་རིགས་སྣ་ཚོགས་བསྐྱེད་པར་བྱེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1