གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྡོ་རྗེ་དོན་འགྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཐོ་བོད་འཕྲིན་སྟེགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༦ཉིན།

༄༅།།ཏོག་གསར་ནད་འགོག་གི་དྲིས་ལན་བཅུ་གཅིག


 2020ལོའི་ཟླ3པའི་ཚེས13ཉིན་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁང་གིས། 
རྡོ་རྗེ་དོན་འགྲུབ་ཀྱིས་བསྒྱུར། 

1.COVID-19 ནད་དུག་དེ་ཚ་བ་ཆེ་ཞིང་རླན་གཤེར་ཆེ་བའི་ས་ཁུལ་དུ་མཆེད་སླ་བ་ཞིག་ཡིན་ནམ། 
   ད་ལྟའི་བར་ཐོབ་པའི་བདེན་དཔང་དག་ལ་བལྟས་ཡོང་ཚེ། COVID-19ནད་དུག་དེ་ས་ཁུལ་ཡོངས(གནམ་གཤིས་ཚ་བ་ཆེ་ཞིང་རླན་གཤེར་ཆེ་བའི་ས་ཁུལ)སུ་མཆེད་སླ། གནམ་གཤིས་ག་འདྲ་ཞིག་ཡིན་རུང་། གལ་ཏེ་ཁྱེད་རང་སྡོད་སའི་ས་ཁུལ་དུCOVID-19ཡི་རིམས་ནད་ཀྱི་སྙན་ཞུའི་གནས་ཚུལ་མཆིས་ཚེ། ངེས་པར་དུ་འགོག་བཅོས་ཀྱི་བྱ་ཐབས་ནན་མོ་སྤྱོད་དགོས། COVID-19ཡི་ནད་དུག་འགོག་པའི་ཆེས་ལེགས་པའི་ཐབས་ཤེས་ནི་ལག་པ་གཙང་མ་བཀྲུ་རྒྱུ་དེ་ཡིན་ཞིང་། འདི་ལྟར་བྱས་ཚེ་ལག་པའི་སྟེང་ན་ཡོད་པའི་ནད་དུག་དག་མེད་པར་བཟོ་ཐུབ། མ་ཟད། ཕྱིས་སུ་ལག་པས་མིག་ཟུང་དང་། ཁ། སྣ་བཅས་དབང་པོ་ལྔ་ལ་རེག་པའི་དབང་གིས་འགོས་བའི་འགོ་ནད་དག་ལས་གཡོལ་ཐུབ། 

2.དྲོད་ཚད་དམའ་བ་དང་གངས་འཁྱག་གིས་ཏོག་དབྱིབས་ནད་དུག་གསར་བ་གསོད་མི་ནུས་སམ།
   གནམ་གཤིས་གྲང་མོས་ཏོག་དབྱིབས་ནད་དུག་གསར་པའམ་ཡང་ན་ནད་རིགས་གཞན་དག་གསོད་པའི་རྒྱུ་མཚན་དང་ཁུངས་ལུང་གང་ཡང་མེད། ཕྱི་རོལ་ཡུལ་གྱི་དྲོད་ཚད་དང་གནམ་གཤིས་ག་འདྲ་ཡིན་རུང་། ལུས་པོའི་རྒྱུན་གཏན་གྱི་དྲོད་ཚད་དེ་ཏུའུ36.5℃དང37ཡས་མས་སུ་སྲུང་འཛིན་བྱས་ཡོད། ཆང་བཅུད་ཀྱི་གྲུབ་ཚད་འདུས་པའི་ལག་པ་བཀྲུ་མི་དགོས་པའི་གཤེར་ཁུའམ་ཡང་ན་འདག་ཆུ་དང་། ཆུ་དྭངས་མོས་ལག་པ་བཀྲུ་བ་ནི2019ཏོག་དབྱིབས་ནད་དུག་གསར་བ་འགོག་པའི་ནུས་ལྡན་གྱི་ཐབས་ཤེས་ཤིག་ཡིན།
3.ཆུ་ཚ་མོས་གཟུགས་པོ་བཀྲུས་པས་ཏོག་དབྱིབས་ནད་དུག་གསར་བ་སྔོན་འགོག་བྱ་ཐུབ་བམ།
   ཆུ་ཚ་མོས་གཟུགས་པོ་བཀྲུས་པ་ཡིསCOVID-19སྔོན་འགོག་བྱ་མི་ཐུབ། ཁྱེད་ཀྱིས་གཟུགས་པོ་བཀྲུ་བའམ་ཡང་ན་འབབ་ཁྲུས་ཀྱི་དྲོད་ཚད་ཅི་འདྲ་ཡིན་རུང་། ཁྱེད་ཀྱི་ལུས་པོའི་དྲོད་ཚད་སྔར་བཞིན་ཏུའུ་གྲངས36.5℃ནས37℃བར་སྲུང་འཛིན་བྱས་ཡོད། དོན་དངོས་ཐོག ཆུ་ཚ་མོས་གཟུགས་པོ་བཀྲུ་སྐབས། གལ་ཏེ་ཆུའི་དྲོད་ཚད་ཚ་དྲགས་ན་གནོད་སྐྱོན་ཡོད་ཅིང་། ཁྱེད་རང་འཚིག་རྨས་ཐེབས་ཀྱང་སྲིད། དུས་རྒྱུན་དུ་ལག་པ་གཙང་མ་བཀྲུ་བ་ནིCOVID-19འགོག་པའི་ཐབས་མཆོག་ཞིག་ཡིན་ཞིང་། དེས་ལག་པའི་སྟེང་གི་ནད་དུག་མེད་པར་བཟོ་བ་དང་ལག་པས་མིག་ཟུང་དང་། ཁ། སྣ་བཅས་དབང་པོ་ལྔ་ལ་རེག་པའི་དབང་གིས་འགོས་བའི་འགོ་ནད་དག་ལས་གཡོལ་ཐུབ།
4.ཏོག་དབྱིབས་ནད་དུག་གསར་བ་ནི་དུག་སྦྲང་གིས་སོ་བཏབ་པ་བརྒྱུད་ནས་མཆེད་ཐུབ་བམ།
   ད་ལྟའི་བར་དུ། ཆ་འཕྲིན་དང་བདེན་དཔང་གང་ལས་ཀྱང་དུག་སྦྲང་གིས2019ཏོག་དབྱིབས་ནད་དུག་གསར་བ་མཆེད་སྲིད་པ་གང་ཡང་བསྟན་མྱོང་མེད། ཏོག་དབྱིབས་ནད་དུག་གསར་བ་ནི་དབུགས་ལམ་གྱི་ནད་དུག་ཞིག་ཡིན་ཞིང་། དེས་གཙོ་བོ་འགོ་ནད་འགོས་ཟིན་པའི་ནད་པས་གློ་ལུ་བའམ་ཧབ་སྦྲིད་རྒྱག་སྐབས་དབུགས་ལམ་ལས་བྱུང་བའི་མཆིལ་མའམ། ཡང་ན་ཕན་ཚུན་འབྲེལ་འདྲིས་བྱེད་པ་ལས་དེའི་སྣ་ཆུ་དང་མཆིལ་མ་བརྒྱུད་ནས་མཆེད་པ་ཞིག་ཡིན། རང་ཉིད་ལ་སྲུང་སྐྱོབ་བྱ་ཆེད། ཆང་བཅུད་ཀྱི་གྲུབ་ཚད་འདུས་པའི་ལག་པ་བཀྲུ་མི་དགོས་པའི་གཤེར་ཁུའམ་ཡང་ན་འདག་ཆལ་དང་། ཆུ་དྭངས་མོས་ལག་པ་བཀྲུས་ཚེ། གློ་ལུ་བ་དང་ཧབ་སྦྲིད་རྒྱག་པའི་འབྲེལ་འདྲིས་བྱེད་མྱོང་མཁན་དག་ལ་གཞོལ་ཐུབ།
5.ལག་སྐེམ་ཆས(干手器)ཀྱིས་ཏོག་དབྱིབས་ནད་དུག་གསར་བ་གསོད་པར་ནུས་པ་ཡོད་དམ།
   མེད། རྒྱུ་མཚན་ནི་ལག་སྐེམ་ཆས་ལ་ཏོག་དབྱིབས་ནད་དུག་གསར་བ་གསོད་པའི་ནུས་པ་ཡོད་མི་སྲིད། རང་ཉིད་ལ་ཏོག་དབྱིབས་ནད་དུག་གསར་བ་འགོ་བར་སྔོན་འགོག་བྱ་ཆེད། དུས་རྒྱུན་དུ་ཆང་བཅུད་ཀྱི་གྲུབ་ཚད་འདུས་པའི་ལག་པ་བཀྲུ་མི་དགོས་པའི་གཤེར་ཁུའམ་ཡང་ན་འདག་ཆལ་དང་། ཆུ་དྭངས་མོས་ལག་པ་བཀྲུ་དགོས། ལག་པ་གཙང་མར་བཀྲུས་རྗེས། ཤོག་བུས་གཙང་མར་ཕྱི་བའམ་ཡང་ན་དྲོད་རླུང་ལག་སྐེམ་ཆས(暖风干手器)ལ་བསྐམས་ནས་བསྲོ་དགོས།
6.སྨུག་ཕྱིའི་འོད་ཐིག་གི་དུག་སེལ་གློག་སྒྲོན(紫外线消毒灯)གྱིས་ཏོག་དབྱིབས་ནད་དུག་གསར་བ་གསོད་ཐུབ་བམ།
   སྨུག་ཕྱིའི་འོད་ཐིག་གློག་སྒྲོན་ནི་ལག་པ་དང་སྐྱི་པགས་གཞན་པའི་ཁག་གི་དུག་སེལ་ལ་བཀོལ་བར་མི་འཚམ། རྒྱུ་མཚན་སྨུག་ཕྱིའི་འོད་ཐིག་གི་ལྡོག་འཕྲོ་ཡིས་ཤ་བཀྲ་དམར་པོ(སྐྱི་པགས་ཚོར་ལོག)འབྱུང་སྲིད།
7.ལུས་དྲོད་བཤེར་འབེབས་ཆས་ཀྱིས་ཏོག་དབྱིབས་ནད་དུག་གསར་བ་འགོས་མིན་ལ་ཞིབ་དཔྱད་ཚད་ལེན་བྱེད་པར་ནུས་པ་ཡོད་དམ།
   ཡོད། ལུས་དྲོད་བཤེར་འབེབས་ཆས་ཀྱིས་ཏོག་དབྱིབས་ནད་དུག་གསར་བ་འགོས་མིན་ལ་ཞིབ་དཔྱད་ཚད་ལེན་བྱེད་པར་ནུས་པ་ཡོད། ཡིན་ནའང་། གལ་ཏེ་འགོས་ནད་བྱུང་ཟིན་ཡང་ཚ་བ་རྒྱས་མེད་ཚེ། ལུས་དྲོད་བཤེར་འབེབས་ཆས་ལས་ཞིབ་དཔྱད་ཚད་ལེན་བྱ་མི་ཐུབ། འདི་ནི་འགོས་ནད་ཕོག་མཁན་ལ་ཉིན2-10བར་གྱི་དུས་ཚོད་ནང་ད་གཟོད་ན་ཚ་བྱུང་བ་དང་ཚ་བ་རྒྱས་དགོས་པའི་དབང་གིས་ཡིན།
8.ལུས་ཡོངས་སུ་ཆང་བཅུད་དམ་ཁིལ་གཏོར་ན་ཏོག་དབྱིབས་ནད་དུག་གསར་བ་གསོད་ཐུབ་བམ།
   མི་ཐུབ། ལུས་ཡོངས་སུ་ཆང་བཅུད་དམ་ཡང་ན་ཁིལ་གཏོར་བ་ཡིས་ལུས་པོའི་ནང་དུ་འཐིམས་ཟིན་པའི་ནད་དུག་གསོད་མི་ཐུབ། དངོས་རྫས་འདིའི་རིགས་གཏོར་འགྲེམ་བྱེད་ཚེ་ལྭ་བའམ་མིག་དང་ཁ་འབྱར་སྐྱི་བྱེད་པར་གནོད་པ་ཡོད། མཉམ་འཇོག་དགོས་ས་ཞིག་ནི། ཆང་བཅུད་དང་ཁིལ་ལ་ཕྱི་ངོས་ཀྱི་དུག་སེལ་བྱེད་པར་ཕན་ཐོགས་མཆིས་རུང་། བཀོལ་སྤྱོད་བྱེད་སྐབས་ངེས་པར་དུ་འོས་འཚམ་གྱི་གྲོས་གཞི་ལ་བརྩི་སྲུང་བྱ་དགོས།
9.སྒོག་པ་ཟོས་ན་ཏོག་དབྱིབས་ནད་དུག་གསར་བའི་འགོས་ནད་འགོག་ཐུབ་བམ།
   སྒོག་པ་ནི་འབྱུང་འཕྲོད་ཀྱི་ཟས་རིགས་ཤིག་ཡིན་ཞིང་། དེར་དུག་སྲིན་འགོག་པའི་ཁྱད་རྟགས་མཆིས་རུང་། མིག་སྔར་གྱི་རིམས་ནད་གནས་ཚུལ་ལ་གཞིགས་ཚེ། སྒོག་པ་ཟོས་ན་མི་རྣམས་ལ་ཏོག་དབྱིབས་ནད་དུག་གསར་བ་མི་འགོ་བའི་བདེན་དཔང་དང་ཁུངས་ལུང་ཅི་ཡང་མི་འདུག
10.ཏོག་དབྱིབས་ནད་དུག་གསར་བ་ཡིས་ལོ་ན་མཐོ་བའི་མི་ལ་ཤན་ཤུགས་ཐེབས་སྲིད་དམ། ལོ་གཞོན་རྣམས་ལ་འགོ་སླ་བ་ཞིག་ཡིན་ནམ།
   ན་ཚོད་སྨིན་པའི་མི་ཡོད་དོ་ཅོག་ལ་ཏོག་དབྱིབས་ནད་དུག་གསར་བའི་ཤན་ཤུགས་ཐེབས་སྲིད། ལོ་ན་ཅུང་ཆེ་མིར་དབུགས་འཚང་བ་དང་གཅིན་སྙིའི་ནད། སྙིང་ནད་སོགས་ཀྱི་ནད་རྟགས་མཆིས་མཁན་ལ་ནད་དུག་འདི་འགོ་བའི་ཉེན་ཁ་ཆེ། 
   འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ན་ཚོད་སྨིན་པའི་མི་ཚང་མར་རང་ཉིད་ལ་ནད་དུག་མི་འགོ་བའི་བྱ་ཐབས་སྤྱོད་དགོས་པའི་གྲོས་གཞི་བཏོན་ཡོད་དེ། དཔེར་ན། ལག་པའི་ཕྱི་ངོས་གཙང་དག་དང་དབུགས་ཐམ་བདེ་ཐང་ཡོང་བའི་འཕྲོད་བསྟེན་གོམས་གཤིས་ལྟ་བུ།
11.ད་ཆ་ཆེད་དམིགས་ཀྱི་ཏོག་དབྱིབས་ནད་དུག་གསར་བ་སྔོན་འགོག་དང་སྨན་བཅོས་བྱེད་པའི་སྨན་རྫས་ཡོད་དམ།
   མིག་སྔའི་བར་དུ། ད་དུང་ཆེད་དམིགས་ཀྱི་ཏོག་དབྱིབས་ནད་དུག་གསར་བ་སྔོན་འགོག་དང་སྨན་བཅོས་བྱེད་པའི་སྨན་རྫས་མི་འདུག
   ནད་དུག་འགོས་ཟིན་པའི་མི་དག་གིས་ལྷོད་འབྱེད་དང་ནད་རྟགས་ལ་དམིགས་པའི་སྨན་བཅོས་དང་ལེན་བྱ་དགོས། ནད་གཞི་ཚབས་ཆེ་བའི་ནད་པར་ནད་རྟགས་ཡོད་ཚད་ལ་དམིགས་ནས་རྒྱབ་སྐྱོར་རང་བཞིན་གྱི་སྨན་བཅོས་བྱ་དགོས། དམིགས་བསལ་གྱི་སྨན་བཅོས་བྱེད་ཐབས་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ཞིང་། ནད་ཐོག་གི་ཚོད་ལྟ་བརྒྱུད་ནས་ཚད་ལེན་ཚོད་ལྟ་བྱེད་སྲིད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་ལས་རོགས་པ་དང་མཉམ་དུ་ཞིབ་འཇུག་དང་གསར་སྤེལ་ལས་དོན་མགྱོགས་མྱུར་ངང་སྤེལ་རྒྱུར་རོགས་རམ་བྱེད་བཞིན་ཡོད་དོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1