གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༦ཉིན།

སི་ཁྲོན་གྱིས་སློབ་གྲྭ་འཚོག་རྒྱུའི་དུས་ཚོད་གཏན་འཁེལ་བྱས་པ།



     ས་གནས་ཁག་དང་སློབ་གྲྭ་ཁག་གིས་དགེ་སློབ་དང་ལས་བཟོ་ཡོངས་ཀྱི་བདེ་འཇགས་འགན་ལེན་བྱེད་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག །ས་ཁུལ་དང་རིགས་དབྱེ་བ།  ལོ་རིམ་དང་གོ་རིམ་དབྱེ་བ།  དུས་ཚོད་ཡོལ་བ།  རྩ་འཛུགས་དང་གོ་རིམ་ལྡན་པའི་ངང་སློབ་འགོ་བཙུགས་ནས་སློབ་ཁྲིད་སླར་གསོ་བྱ་རྒྱུ་རེད། 
     ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་(མཐོ་རྒྱུགས་ལ་ཞུགས་པ་མིང་ཐོ་བཀོད་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་འདུས་)རྣམས་ཞིང་ཆེན་གྱིས་གཞི་རྩའི་ཆ་ནས་སྤྱི་ཟླ་4པའི་ཚེས་1ཉིན་གཅིག་གྱུར་སློབ་འགོ་འཛུགས་རྒྱུ་གཏན་འཁེལ་བྱས་པ་དང་།  ཆ་རྐྱེན་ལྡན་པའི་སློབ་གྲྭས་བཀག་བསྡོམས་རྣམ་པའི་དོ་དམ་ལག་བསྟར་བྱ་རྒྱུ།  དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་རྣམས་གྲོང་ཁྱེར་(ཁུལ་)སོ་སོའི་གཅིག་གྱུར་བཀོད་སྒྲིག་ལྟར།  སྤྱི་ཟླ་4པའི་ཚེས་7ནས་སློབ་འགོ་འཛུགས་ཆོག་པ་རེད།
     ཁོངས་གཏོགས་ས་ཆའི་དོ་དམ་རྩ་དོན་དང་སློབ་གྲྭའི་དོ་དམ་དབང་ཚད་གཞིར་བཟུང་ནས།  འོས་འགན་སློབ་གསོའི་དུས་མཚམས་ཀྱི་ལོ་རིམ་གཞན་དག་དང་བུ་བཅོལ་ཁང་ནི་ས་གནས་དེ་གའི་རྫོང་(གྲོང་ཁྱེར་དང་ཆུས)ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་སློབ་འགོ་འཛུགས་པ་དང་དང་།  མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ལོ་རིམ་གཞན་དག་དང་དམིགས་བསལ་སློབ་གསོའི་སློབ་གྲྭས་ས་གནས་དེ་གའི་གྲོང་ཁྱེར་(ཁུལ་)ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས།  ཕྱོགས་བསྡུས་ཚོད་དཔག་བྱས་རྗེས་སློབ་འགོ་བཙུགས་པའི་དུས་ཚོད་གཏན་འཁེལ་བྱ་རྒྱུ་མ་ཟད་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད།
     མཐོ་རིམ་སློབ་གྲྭའི་སློབ་འགོ་བཙུགས་པའི་དུས་ཚོད་ནི་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་ཐག་བཅད་བྱ་རྒྱུ་དང་།  དངོས་སུ་སློབ་འགོ་མ་བཙུགས་པའི་ཡར་སྔོན་དུ་སློབ་མ་རྣམས་སློབ་གྲྭ་རུ་ལོག་མི་ཆོག །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1