གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཞིང་ཁམས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༦ཉིན།

ད་ལོར་བོད་ལྗོངས་སུ་ནས་སོན་གསར་པ་ཞིག་ཁྱབ་གདལ་གཏང་རྒྱུ་རེད།



           གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོར་བོད་ལྗོངས་ཀྱིས་ལྷ་ས་དང་གཞིས་རྩེ།  ལྷོ་ཁ།  ཆབ་མདོ་སོགས་རྫོང་དྲུག་ཏུ་༡༣.༥༡༧༡.༧༼ཚབ་རྟགས༽རྟགས་ཅན་གྱི་ནས་སོན་གསར་པ་མུའུ་ཁྲི་ཁ་ཤས་ལོན་པར་ཁྱབ་གདལ་གཏང་རྒྱུ་རེད།

           རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་དབུ་འཛིན་ཉི་མ་བཀྲ་ཤིས་ནས་ངོ་སྤྲོད་གནང་བར་གཞིགས་ན།  ནས་སོན་གསར་པ་དེར་སྙེ་རྐང་མི་ཆག་པ་དང་།  ཞིང་འཕྲུལ་གྱིས་བརྔ་སྡུད་འཚམས་པ།  ཐོན་འབབ་ཆེ་བ་སོགས་ཀྱི་དགེ་མཚན་མངོན་གསལ་དོད་པོ་ཡོད་པ་དང་།  ཚོད་འདེབས་ལོ་གཉིས་བྱས་པ་བརྒྱུད་སོ་ནམ་པས་དགའ་པོ་བྱེད་ཀྱི་ཡོད་པ་དང་།  ཆུ་ལུད་སོགས་གཡོག་བྱེད་སྟངས་གཅིག་མཚུངས་ཀྱི་ཆ་རྐྱེན་འོག  ནས་སོན་གསར་པ་དེ་དེང་སྐབས་ཁྱབ་གདལ་གཏོང་བཞིན་པའི་བོད་ནས་ཨང་༢༠༠༠ལས་ཐོན་འབབ་བརྒྱ་ཆ་༡༠ཡན་མང་བ་དང་།  ཧི་མ་ལ་ཨང་༢༢ལས་བརྒྱ་ཆ་༥ཡན་མང་བ་ཡོད།

           ད་ལོ་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་༡༣.༥༡༧༡.༧༼ཚབ་རྟགས༽རྟགས་ཅན་གྱི་ནས་སོན་རྒྱ་མ་ཁྲི་༡༨ལ་སྨན་ཐུམ་བརྒྱག་རྒྱུ་ཡིན་ཞིང་།  སོན་གསར་དེ་འདེབས་ཁུལ་གྱི་ཞིང་འབྲོག་མང་ཚོགས་༢༠༠ལ་འདེབས་འཛུགས་ལག་རྩལ་སོགས་དང་འབྲེལ་བའི་ཤེས་བྱ་སྦྱོང་བརྡར་བྱ་རྒྱུ་རེད།  གཞན་ཡང་དེང་སྐབས་དཔེ་སྟོན་ཁུལ་འཆར་འགོད་དང་འདེབས་འཛུགས་ཞིང་ཁ་འདེམས་པ།  ས་དཔྱད་ལུད་སྦྱོར།  ས་བོན་འདེམས་སྒྲུག་སོགས་ཀྱི་ལས་དོན་སྤེལ་ནས་སོན་བཟང་དེ་རིམ་བཞིན་ལྗོངས་ཡོངས་སུ་ཚོད་འདེབས་བྱ་རྒྱུ་རེད།
39.7K

རྩོམ་ཡིག་སྔོན་མ།
让他

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1