གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༥ཉིན།

ཨ་རིའི་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཁྲི་4ལས་བརྒལ་བ།


    ཚེས་23ཉིན་ཨ་རིའི་ཇོང་སི་ཧོབ་ཁེན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་23ཉིན་གྱི་ཆུ་ཚོད་14དང་སྐར་མ་30(པེ་ཅིང་གི་དུས་ཚོད་ཚེས་24ཉིན་གྱི་ཆུ་ཚོད་2དང་སྐར་མ་30)བར་ཨ་རིའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་བའི་ནད་དཔེ་41511བར་འཕར་བ་དང་ཚེ་འདས་ནད་དཔེ་499བར་འཕར་བ་རེད། 
     གྲངས་གཞི་ལྟར་ན། ཉིའུ་ཡོའུ་མངའ་སྡེའི་ནད་གཞི་གཏན་འཁེལ་བྱས་བའི་ནད་དཔེ་མང་ཤོས་ཡིན་ལ། ནད་དཔེ་20875ཟིན་པ་དང་། ཙི་ཞི་གསར་པ་མངའ་སྡེའི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་2844ཟིན། ཝ་ཧྲིང་ཐོན་མངའ་སྡེའི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་1996ཟིན་པ་རེད། 
     གྲངས་གཞི་འདི་ནི་སློབ་ཆེན་དེའི་ཏོག་གསར་ནད་དུག་གི་ཞིབ་འཇུག་རྣམ་གྲངས་ཀྱིས་ཕྱོགས་བསྡུས་བྱས་པའི་ཨ་རིའི་མངའ་སྡེ་ཁག་གི་རིམས་ནད་གནས་ཚུལ་སྙན་ཞུ་ལས་བྱུང་བ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1