གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྣམ་དཀར་ལྷ་མོ་དང་ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༣ཉིན།

༄༅།།ཀྲུང་ནན་ཧྲན་གྱིས་ཁྱེད་ལ་གནང་བའི་འགོག་སྲུང་ཤེས་བྱ།


རྣམ་དཀར་ལྷ་མོ་དང་ཚུལ་ཁྲིམས་བཟང་པོས་བསྒྱུར།
མི་དཀྱུས་མ་ཞིག་ཡིན་ན།
ལག་བཀྲུ་འཕྲོད་བསྟེན་ཡིད་ལ་ཟུངས།
རང་གཞན་གཉིས་ལ་འགོག་སྲུང་ཐུབ།
ཚ་བ་རྒྱས་ན་སྨན་པར་སྟེན།
ཁྱིམ་ནས་རང་སར་འདུག་མི་རུང་།
ཐོག་མར་རང་ཉིད་ལ་སྲུང་སྐྱོབ་ཡག་པོ་ཐུབ་ན།
ད་གཟོད་མི་གཞན་པའི་ཚེ་སྲོག་སྐྱོབ་ཐུབ།
ཝུའུ་ཧན་གྱི་མགྲོན་པོ་སྣེ་ལེན་བྱས་མྱོང་ན།

ལུས་པོ་ཞིབ་བཤེར་བྱས་ན་དགའ།


སྨན་པ་ཞིག་ཡིན་ན།
ལོ་སར་རྗེས་ནས་ཕྱིར་ལོག་དུས།
ལུས་དྲོད་ལྟ་རྒྱུ་གལ་ཆེན་ཡིན།
ལྷམ། ཁ་ཤུབས་ལས་ཀྱང་ཉེན་ཁ་ཆེ་བའི་དངོས་པོ་ཞིག
ཡོན་ཧྲི་ཀྲུང་ནན་ཧྲན་ལགས་ཀྱིས་གསུང་དོན། 
ནད་དུག་འགོས་ཁྱབ་ལ་ཁ་ཤུབས་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ཡོད་པ་ནི་རང་གི་ལྷམ་རེད།
ཁྱོད་ཀྱིས་ནད་དུག་འཁྱེར་མཁན་གྱི་ཁ་ལུད་གང་དུ་འཕང་ཡོད་པ་ཤེས་མི་སྲིད།
ཁྱོད་རང་ཁྱིམ་དུ་འབྱོར་རྗེས། 
ནད་དུག་དེ་ནམ་ཞིག་རང་ལ་འགོས་སྲིད། 
དེ་བས་སླར་ཡང་བསམ་འཆར་ཞིག་འདོན་རྒྱུར། 
ལྷམ་དེ་འདུག་ཤག་དང་ཁ་བཀར་ནས་ལོགས་སུ་འཇོག་དགོས་པ་མ་ཟད། ལག་པ་གཙང་མར་བཀྲུ་དགོས།
ཁྱིམ་དུ་འདུག་་པ་ནི་རང་གཞན་གཉིས་ཀྱི་ཆེད་དུ་ཡིན།
གལ་ཏེ་ཁྱོད་ད་དུང་གང་སར་རྒྱུག་ན། རང་སྲོག་གཅོད་དུ་འགྲོ་བས་མ་ཚད། མི་གཞན་གསོད་དུ་འགྲོ་བའང་རེད། 
ནད་དུག་བག་ལ་ཉལ་བའི་མི་ཞིག་གང་སར་སོང་ཚེ། བཀག་རྒྱ་ལྷོད་པའི་དུས་ཡུན་ནི་ཤིན་ཏུ་རིང་སྲིད།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1