གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༠༩ཉིན།

༄༅།། རིམས་འགོག་ལ་གནོད་འཚེ་བཟོ་མཁན་ཉེས་གསོག་པ་འཛིན་པའི་ཆོག་མཆན་སྤྲད་པ།


        ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་སྔོན་ཚུད་ནས་གྱོད་གཞི་སྒྲུབ་འགོ་བཙུགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་འཚེ་བཟོ་མཁན་ཉེས་གསོག་དོགས་ཅན་ཞིག་ཁྲིམས་ལྟར་འཛིན་རྒྱུའི་ཆོག་མཆན་སྤྲད་པ་རེད། འདི་ནི་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་སྒྲུབ་གཉེར་བྱས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་གནོད་འཚེ་བཟོས་པའི་དོགས་པ་ཡོད་པར་གཞིགས་ནས་འཛིན་རྒྱུའི་ཆོག་མཆན་སྤྲད་པའི་གྱོད་གཞི་ཐོག་མ་དེ་རེད། 
       ཟླ་2ཚེས་8ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་སྡེ་ཁུལ་ཞིག་གི་བདེ་སྲུང་མི་སྣའི་སྙན་སེང་འབྱོར་ནས“གཞིས་ཆུང་དུ་ཁང་གླ་གཡར་ནས་བསྡད་པའི་ཀྲུའུ་ཆེ་གེ་མོ་སོགས་མི་3པོས་ཁ་ཏ་བསླབ་བྱར་མ་ཉན་པར་ཁྱིམ་དུ་ལོགས་སུ་སྡོད་རིང་། ཁ་རས་མ་བརྒྱབ་པར་གཞིས་ཆུང་ནས་ཕྱིར་ཐེངས་མང་དོན་སོང་”ཞེས་བཤད། ཉིན་གཉིས་པར་མི་དམངས་ཉེན་རྟོག་པས་བདེ་སྲུང་མི་སྣ་དང་མཉམ་དུ་གཞིས་ཆུང་དེར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་བྱས་པ་དང་འབྲེལ། ཀྲུའུ་ཆེ་གེ་མོ་སོགས་ལ་སྡེ་ཁུལ་གྱི་རིམས་འགོག་ལ་ངེས་པར་དུ་གཞོགས་འདེགས་བྱས་ཏེ་ཕྱིར་དོན་སྐབས་ཁ་རས་རྒྱག་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཀྱང་། ཀྲུའུ་ཆེ་གེ་མོ་སོགས་ཀྱིས་དེ་ལས་ལྡོག་སྟེ་ཁོང་ཁྲོ་ཆེན་པོས་མི་དམངས་ཉེན་རྟོག་པར་འཇིགས་སྐུལ་བྱས། མི་དམངས་ཉེན་རྟོག་པས་ཉེན་རྟོག་པ་གཞན་ལ་རོགས་སྐྱོར་རེ་ཞུ་བྱས་པ་དང་ཆབས་ཅིག་གཞིས་ཆུང་གི་རྒྱལ་སྒོ་ནས་དོན་མོད། འོན་ཀྱང་ཀྲུའུ་ཆེ་གེ་མོ་སོགས་ཀྱིས་སྔར་བཞིན་ཁོང་ཚོ་གཞིས་ཆུང་གི་རྒྱལ་སྒོ་བར་བཀར་ནས་གཞིས་ཆུང་གི་སྤྱི་པའི་རྒྱུ་དངོས་ལ་གཏོར་སྐྱོན་བཏང་བ་དང་མི་དམངས་ཉེན་རྟོག་པར་མུ་མཐུད་འཇིགས་སྣང་བསྐུལ་ཏེ། ཁོང་ཚོར་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་འགོག་རྐྱེན་ཆེན་པོ་བཟོས་པ་རེད། 
        ཟླ་2ཚེས་10ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་སྔ་སྣུར་དུ་གྱོད་གཞི་དེ་སྒྲུབ་འགོ་བཙུགས་པ་མ་ཟད། ཟླ་2ཚེས་14ཉིན་གྱོད་གཞིའི་གནས་ཚུལ་དབྱེ་ཞིབ་ཚོགས་འདུ་འཚོགས་ནས་མྱུལ་ཞིབ་ལས་ཁུངས་ལ་དཔང་རྟགས་ཁུངས་བཙན་བསྡུ་རུབ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།
        ཟླ་2ཚེས་21ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཀྲུའུ་ཆེ་གེ་མོར་གཞུང་དོན་ལ་གནོད་འཚེ་བཟོས་པའི་ནག་ཉེས་བསགས་པའི་དོགས་པ་ཡོད་པས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་འཛིན་རྒྱུའི་ཆོག་མཆན་སྤྲད་པ་རེད།
        ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་རྗེས། ཉེས་གསོག་དོགས་ཅན་ཀྲུའུ་ཆེ་གེ་མོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ངོ་རྒོལ་དང་། ཁྲིམས་བསྟར་མི་དམངས་ཉེན་རྟོག་པར་དམའ་འབེབས་དང་འཇིགས་སྐུལ་བྱས་པའི་ངོས་འཛིན་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་བདུན་ཅུ་དོན་བདུན་པའི་ནང་གཏན་འབེབས་བྱས་པ་གཞིར་བཟུང་། བྱེད་སྤྱོད་འདི་རིགས་ལ་གཞུང་དོན་ལ་གནོད་འཚེ་བཟོས་པའི་ནག་ཉེས་བསགས་པའི་དོགས་གཞི་ཡོད་པས། ཟླ་2ཚེས་22ཉིན་ཉེས་གསོག་དོགས་ཅན་ཀྲུའུ་ཆེ་གེ་མོ་ཁྲིམས་ལྟར་འཛིན་རྒྱུའི་ཆོག་མཆན་སྤྲད་པ་རེད། མིག་སྔར་གྱོད་གཞི་འདིར་སྔར་བས་ཞིབ་བཤེར་རྩད་གཅོད་བྱེད་བཞིན་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1