གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

མི་ཉག་མེ་སོན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༠༧ཉིན།

༄༅།། རྨི་ལམ་མག་མོག

མི་ཉག་མེ་སོན།

   བྱེ་མའི་ཐང་དུ་བཏོད་པའི་འཇའ་ཡི་ལམ་བུ།།      
   ཞིང་ཁམས་གང་དུ་འཁྲིད་པའི་རྨུ་ཐག་ཡིན་ཨང་།།
   ངས་ནི་བལྟས་ཤིང་ཉན་ཏེ་དེ་ལ་འཁྲུལ་བས།།
   རྨི་ལམ་མོག་པོ་དེ་ཡང་མོག་པོར་གྱུར་སོང་།།  

   སྤྲིན་པའི་ཁ་ཆུས་གསོས་པའི་མེ་ཏོག་རྐང་གཅིག།
   སེམས་ཀྱིས་བཏུ་བར་འདོད་དེ་ཉེ་སར་བཅར་ཀྱང་།།
   འདབ་ལོའི་སྙིམ་པར་འཁྱིལ་བའི་སྦྲང་རྩི་སོ་མ།།
   ཉམ་ཐག་གྲོག་མའི་ཚོགས་ཀྱི་བགོ་སྐལ་མ་བྱུང་།།

    ཕ་མཐའ་གཞལ་དུ་མེད་པའི་མྱ་ངམ་ཐང་གི།
    ཚ་གདུང་ངལ་དུབ་ཁུར་བའི་མགྲོན་པོ་ངེད་ཚོས།།
    ལྗོན་པའི་བསིལ་གྲིབ་ངོགས་སུ་སེམས་པ་བོར་ཏེ།།
    རྡོག་པའི་ལམ་སྣེ་གང་དེ་རྒྱང་དུ་གཏད་ཡོད།།

    ལ་མོ་ཕ་ཀི་བརྒལ་བའི་མཚོ་མཐའ་དེ་ན།།
    ངང་པའི་ཁྱུ་ཞིག་རྩེ་དགར་རོལ་བཞིན་ཡོད་སྐད།།
    ང་ནི་རི་བོའི་གཤོང་གི་ས་འབུ་རྐང་མེད།།
    རླབས་ཀྱི་ཟིལ་བའི་རེག་བྱ་ནམ་ཞིག་མྱོང་ཨང་།།
         
    གྲང་ངར་བུ་ཡུག་རྒོད་པའི་བྱེ་མའི་རི་སུལ།།
    མི་ཕོ་སྙིང་སྟོབས་ཅན་པོའི་བཞུད་ཤུལ་ཡིན་ཏེ།།
    འོན་ཀྱང་རླུང་བུས་མིག་ནང་ཐལ་རྡུལ་གཙུབས་པས།།
    རྨི་ལམ་ཞིང་ལ་བརྐྱངས་པའི་ལམ་སྣེ་མ་རྙེད།།
   
    ཉི་ཟེར་མོག་པོ་ན་བུན་གཞུང་ལ་འདྲེས་པའི།།
    སྒྱུ་མའི་རི་གྲོང་འདི་ནས་འཁོར་འདོད་མེད་ཅིང་།
    བྱ་རྒོད་སུག་པར་འཐམས་ནས་འཁའ་ལ་འཕགས་ཏེ།།
     ད་ཀོ་གླིང་ཕྲན་གན་ལ་རྒྱང་ལྟ་བྱེད་དོ།།

              
             2017 —2-5     མི་ཉག་མེ་སོན་གྱིས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1