གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

སྐལ་བཟང་ཚེ་བརྟན་གྱིས་བྲིས་ཤིང་། ཡོན་ཏན་གྱིས་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༢ཚེས་༢༡ཉིན།

རྔ་ཡུལ་ཀིརྟི་དགོན་གསོ་རིག་འགྲོ་ཕན་གླིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱས།


 

   ཟླ༢པའི་ཚེས༨ཉིན། མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར་དུ་རིམས་ནད་འགོས་པའི་མི་གྲངས་ཇེ་མང་དུ་ཕྱིན་པ་དང་སྔོན་འགོག་དཀའ་ཁག་ཆེ་རུ་ཕྱིན་པའི་གནས་བབ་ལ་དམིགས་ནས། ཀིརྟི་དགོན་གསོ་རིག་འགྲོ་ཕན་གླིང་གི་འགན་འཁུར་བ་ཚུལ་ཁྲིམས་ལགས་གཙོ་བྱས་ནས་བོད་ལུགས་གསོ་རིག་ཆེད་མཁས་བ༢༦གིས་ཉིན་མཚན་བརྒྱད་ཀྱིས་རིང་གི་དཀའ་ངལ་ལ་མ་འཛེམས་པར་སྒོར་ཁྲི་ཚོ༣༦ལྷག་གི་རིན་ཙམ་བཏང་ནས་སྨན་རིལ་ནག་པོ་དགུ་སྦྱོར་ཁྲི་ཚོ༡༥བཟོས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་སེར་སྐྱ་མང་ཚོགས་རྣམས་ལ་རིན་མི་དགོས་པར་སྟེར་བ་དང་། རྫོང་ཡོངས་ཀྱིས་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རང་ཉིད་ཀྱི་ནུས་པ་གང་ཡོད་ཕུལ་བ་རེད།

  གསོ་རིག་འགྲོ་ཕན་གླིང་གི་འགན་འཁུར་བ་ཚུལ་ཁྲིམས་ཀྱིས་སྨན་རིལ་བེད་སྤྱོད་བྱ་ཐབས་ངོ་སྤྲོད་བྱེད་ཞོར་དུ“གློ་ཚད་འགོས་ནད་བྱུང་རྗེས་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ལ་ཧུར་ཐག་ཞུགས་ཏེ་སྨན་རིལ་ནག་པོ་དགུ་སྦྱོར་བཟོས་ཏེ་སེར་སྐྱ་མང་ཚོགས་དང་རྒྱ་ཆེའི་ལས་བྱེད་པ་ལ་རིན་མི་དགོས་པར་སྤྲད་དེ་གློ་ཚད་འགོས་ནད་སྔོན་འགོག་བྱ་ཆེད་ང་ཚོའི་ནུས་བ་ཡོད་ཚད་བཏོན་ཡོད། མི་རིགས་མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་སྔོན་འགོག་བྱས་ནས་ནད་ལས་མྱུར་དུ་འགྲོལ་ཞིང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་རྒྱུའི་རེ་བ་ཡོད།”ཅེས་གསུང་།

  མང་ཚོགས་ཀྱིས་ཀྱང་རྒྱལ་ཁབ་དང་མི་དམངས་ལ་དཀའ་ངལ་འཕྲད་སྐབས་རང་འགུལ་ངང་ལས་དོན་ཧུར་ཐག་བསྒྲུབས་པ་དང་དཀའ་ངལ་སེལ་རོགས་བྱས་ནས་སེར་སྐྱ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་ཆེད་ནད་དུག་སྔོན་འགོག་གི་སྨན་རིལ་མཁོ་འདོན་བྱས་ཡོད། ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལས་རྣམ་པར་རྒྱལ་བ་ལ་ཡིད་ཆེས་ཡོད་ཅེས་གསུང་།

༼སྐལ་བཟང་ཚེ་བརྟན་གྱིས་བྲིས་ཤིང་།  ཡོན་ཏན་གྱིས་པར་བླངས།༽



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1