གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༡༦ཉིན།

ས་མཐོའི་ཐོག་གི་བུད་མེད་མེ་འཁོར་མགོ་འཛིན་དཀོན་མཆོག་ཆོས་སྒྲོན།

        “ཉི་འོད་གྲོང་ཁྱེར”ལྷ་ས་ཟླ་འོད་འོག་གཉིད་ཉལ་བའི་དུས། མཚོ་བོད་ལྕགས་ལམ་ལྷ་ས་ནས་གཞིས་རྩེའི་བར་གྱི་བུད་མེད་མེ་འཁོར་མགོ་འཛིན་དཀོན་མཆོག་ཆོས་སྒྲོན་ཟླ་འོད་འོག་མེ་འཁོར་འབབ་ཚུགས་སུ་བསྐྱོད་པ་དང་། ཉིན་དེའི་ཕར་ཚུར་བསྐྱོད་པའི་འགྲུལ་སྐྱེལ་ལས་ལ་ཞུགས་མགོ་ཚུགས།


        དཀོན་མཆོག་ཆོས་སྒྲོན་ནི་ཝུའུ་ཧན་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་མཚོ་བོད་ལྕགས་ལམ་ཀུང་སིར་ལས་བགོས་བརྒྱབ་ཡོད། 2014ལོར། མཚོ་བོད་ལྕགས་ལམ་སྣུར་སྲིང་ལམ་དུམ་--ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དངོས་སུ་སྤྱོད་མགོ་ཚུགས་པ་རེད། དཀོན་མཆོག་ཆོས་སྒྲོན་གྱིས་མེ་འཁོར་ཐེངས་དང་པོའི་མགོ་འཛིན་གྱི་ཐོག་ནས།  མེ་འཁོར་བསྡད་དེ་བོད་ལྗོངས་ཀྱི་གྲོང་ཁྱེར་ཨང་གཉིས་པ་ཡིན་པའི་གཞིས་རྩེར་ཐེངས་དང་པོ་བསྐྱོད་པ་རེད། ལྷ་གཞིས་ལྕགས་ལམ་ནི་ཡར་ཀླུང་གཙང་པོའི་འགྲམ་ནས་རྒྱུད་ཅིང་། ཉིན་ལྟར་ཕར་ཚུར་སྐྱོད་མཁན་མེ་འཁོར་ནི་ས་གནས་དེའི་མི་རིགས་ཁག་གི་མང་ཚོགས་ཚོ་མགྱོགས་ལ་སྟབས་བདེའི་ངང་འགྲོ་སྐྱོད་བྱེད་པའི་བདམས་གར་གྱུར་ཡོད།


        དཀོན་མཆོག་ཆོས་སྒྲོན་གྱིས། ལྕགས་ལམ་གྱིས་ས་མཐོའི་མང་ཚོགས་ཀྱི་བྱེད་སྒོའི་ཁྱབ་རྒྱ་ཆེ་རུ་བཏང་བ་མ་ཟད། བོད་རིགས་ན་གཞོན་ཚོར་ལས་ཞུགས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བརྗོད། དཀོན་མཆོག་ཆོས་སྒྲོན་ནི་བོད་རིགས་ཀྱི་བུད་མེད་མེ་འཁོར་མགོ་འཛིན་ཞིག་ཡིན་པའི་ངོས་ནས། བོད་རིགས་མང་ཚོགས་དང་འབྲེལ་གཏུག་བྱེད་སྐབས་ཧ་ཅང་སྟབས་བདེ་ཡོད་ཅིང་། ཁོ་མོས་མེ་འཁོར་ཐོག་རྒན་རྒོན་རྣམས་ལ་རང་ཉིད་འཚར་ལོངས་ཀྱི་གཏམ་རྒྱུད་བརྗོད་པ་དང་། ན་གཞོན་འགྲུལ་པ་ཚོ་དང་ལས་ཀའི་ཉམས་མྱོང་མཉམ་སྤྱོད་བྱེད་ཀྱི་ཡོད་པ་རེད། ཁོ་མོས། ལྕགས་ལམ་གྱི་དྲ་རྒྱ་ས་མཐོར་རིམ་བཞིན་ཁྱབ་པ་དང་བསྟུན་ནས་བོད་རིགས་མེ་འཁོར་མགོ་འཛིན་དང་མེ་འཁོར་ཁ་ལོ་བ་དེ་བས་མང་བ་ཐོན་ཏེ། ཁོང་ཚོའི་ལས་ཀའི་ཕུགས་བསམ་མངོན་འགྱུར་ཡོང་རྒྱུ་རེད་ཅེས་བརྗོད།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1