གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༡༡ཉིན།

༄༅།། ཁྲག་ཤེད་མཐོ་བའི་ནད་པས་བཟའ་མི་རུང་བའི་ཟས་རིགས།

        གོམས་སྲོལ་ངན་པའི་བཟའ་བཏུང་གིས། ། མི་ཡི་བདེ་ཐང་འཇོམས་པར་བྱེད། ། ཅེས་པ་ལྟར་ཁྲག་ཤེད་མཐོ་བའི་ནད་པ་ཞིག་ལ་མཚོན་ནའང་བཟའ་བཏུང་གི་གོམས་སྲོལ་ལེགས་པོ་ཞིག་ཡོད་དགོས། དེ་མིན་ན་ནད་གཞི་ཇེ་ལྕི་རུ་འགྲོ་སླ་ཞིང་ནད་རྟགས་མང་པོ་འབྱུང་སྲིད། དེ་བས་ཁྲག་ཤེད་མཐོ་བའི་ནད་པ་ཡིས་བཟའ་བཏུང་ལ་མཉམ་འཇོག་ལེགས་པོ་བྱེད་དགོས་པ་དང་། གཤམ་གྱི་བཟའ་མི་རུང་བའི་ཟས་རིགས་འདི་དག་ལ་གཟབ་དགོས།
        གཅིག ཐཱན་ཆུའི་འདྲེས་སྦྱོར་གྱི་བཟའ་ཆས།ཐཱན་ཆུའི་འདྲེས་སྦྱོར་གྱི་ཟས་རིགས་ལས་སྲན་སྐམ་གྱི་རིགས་དང་ཚྭ་ལྡན་ཟས་རིགས། ཚྭ་ལྡན་སྦྲང་གོར། གཡེར་མ་དང་ཚྭ་འདྲེས་པའི་སྦྲང་གོར་སོགས་བཟའ་མི་རུང་ལ།ཟས་རིགས་དེའི་རིགས་ལ་ཚ་ཚད་མཐོ་བས། ལུས་སྟེང་དུ་ཚ་ཚད་མོད་པོ་གསོག་ཉར་བྱས་ཏེ་ཚིལ་འབྱུང་ཞིང་།ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་རེད།
        གཉིས། ཤ་དང་ནང་ཁྲོལ་རིགས་ཀྱི་བཟའ་ཆས།ཤའི་རིགས་ཀྱི་ཁྲོད་ནས་ཁྲག་ཤེད་མཐོན་པོ་ཅན་གྱིས་བཟའ་མི་རུང་བ་ནི་ཤ་ཚོན་པོ་དང་རུས་གཏུབ། ཉ་ཤ སྲོག་ཆགས་ཀྱི་མཆིན་པ་དང་ཀླད་པ་སོགས་ཡིན།
        གསུམ། ལས་སྣོན་བྱས་པའི་བཟའ་ཆས།ལས་སྣོན་བྱས་པའི་ཤའི་རིགས་ལས་ཤ་བསྲེགས་མ་དང་ཕག་རྒྱུ་སོགས་བཟའ་མི་རུང་།བ་ཚྭ་ལྡན་པའི་ཟས་རིགས་ལས་ཚྭ་མང་བའི་ཤ་དང་ཉ་ཤ། ཚྭ་ལྡན་ཆུ་བྱའི་ཤ་དང་། ཚྭ་དང་སྣུམ་མང་བའི་ཉ་ཤ། བསྙལ་ཚལ་རིགས་སོགས་བཟའ་མི་རུང་བ་དང་མགྱོགས་ཟས་རིགས་ལས་མགྱོགས་ཐུག་དང་ཞོག་ཁོག་སྣུམ་བཙོས། འབྲས་སིལ་སོགས་བཟའ་མི་རུང་། ལྕགས་ཀྲིན་ཟས་རིགས་ལས་སྐམས་ཤའི་ལྕགས་ཀྲིན་དང་ཉ་ཤའི་ལྕགས་ཀྲིན་སོགས་བཟའ་མི་རུང་།
        བཞི། སྔོ་ཚོད་རིགས་ཀྱི་བཟའ་ཆས།ཀྲ་ཚལ་དང་གོ་སྙོད། ཀན་ཚལ། ཚོད་མ་ཞུའེ་ལི་ཧུང་སོགས་བཟའ་ཚད་ཇེ་ཉུང་དུ་གཏོང་དགོས་པ་དང་།གཞན་ཡང་བསྙལ་ཚལ་དང་སྔོ་ཚལ་ལྕགས་ཀྲིན། (མ་རྨོས་ལོ་ཏོག་ལྕགས་ཀྲིན། ཤ་མོ་ལྕགས་ཀྲིན། སྔོ་ཚོད་ཁུ་བའི་ལྕགས་ཀྲིན།ཚྭ་ལྡན་ཀྲོ་མ་ཀྲུའི་ཁུ་བ།) བསིལ་གར་ཆེ་བའི་སྔོ་ཚོད་ཀྱི་རིགས་ལས་འུ་སུ་དང་ཙོང་། སྐེ་ཚེ་སོགས་བཟའ་མི་རུང་ལ། ད་དུང་སྲ་ཞིང་མཁྲེགས་པའི་སྔོ་ཚོད་ལས་བྱི་བཟུང་གི་གཞུང་རྟ་དང་སྨྱུག་གསར།སྲན་མ་སོགས་བཟའ་མི་རུང་།
        ལྔ། སྣུམ་དང་ཚིལ་འདུས་ཚད་མཐོ་བའི་བཟའ་ཆས།སྣུམ་དང་ཚིལ་མང་བའི་ཟས་རིགས་ལས། ནོར་ཚིལ་དང་ཕག་ཚིལ།སྣུམ་དང་ཚིལ་སྐྱུར་མང་བའི་མར་སོགས་ཟོས་ན་མིའི་དོན་སྣོད་ནང་དུ་ཚིལ་གསོག་ཉར་གྱི་ཁ་སྣོན་དུ་འགྱུར་ཉེན་ཡོད་པས།ཁྲག་ཤེད་མཐོན་པོ་ཅན་གྱིས་བཟའ་མི་རུང་།
        དྲུག བཏུང་ཆས་ཀྱི་རིགས།ཆང་གི་རིགས་ལས་སྦི་རག་དང་ཆང་དཀར།རྒུན་ཆང་སོགས་ཀྱི་ཆང་རག་ཇེ་ཉུང་དུ་གཏོང་དགོས་པ་དང་། གཞན་ཡང་ཁོ་ཧྥེ་མངར་མོ་དང་ཇ་དམར་མངར་མོ།ཐཱན་སྐྱུར་བཏུང་ཆུ་སོགས་འཐུང་མི་རུང་ངོ་། ། (《ཀྲུང་གོ་བོད་ཀྱི་དྲ་བ》ལས་བཏུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1