གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༠ཉིན།

སྟོན་དུས་ཀྱི་ཞོགས་པའི་སྨུག་ཁྲོད་ཀྱི་ཁ་བ་དཀར་པོ།

     ཞོགས་པའི་ཆུ་ཚོད་དྲུག་པར་ནམ་ད་རུང་གསལ་མེད། ང་ཚོས་ཟླ་བའི་འོད་ལ་བརྟེན་ནས་ཉི་མ་ཤར་སའི་ཕྱོགས་སུ་བསྐྱོད་དེ་ཁ་བ་དཀར་པོའི་ཞལ་རས་མཇལ་བར་ཕྱིན་པ་ཡིན། ཉིན་ཤས་བསྟུད་མ་ལམ་ལ་ཆས་པས་ངའི་མགོ་བོ་ཅུང་ན་མོད། འོན་ཀྱང་འདུ་ཤེས་ཧ་ཅང་གསལ་པོ་ཡོད།
     ཁྲོམ་ལམ་གྲང་ངར་ཆེ་ཞིང་འཇམ་ཐིང་ངེར་གནས་ལ། དེ་ཅམ་ཆེན་པོ་མེད་པའི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྨུག་པ་སྟུག་པོའི་ཁྲོད་དུ་གནས་ཡོད། རྐང་ཐང་དུ་ཧ་ལམ་སྨི་300ཙམ་ཕྱིན་རྗེས། སྨུག་པ་ཅུང་ཉུང་དུ་ཕྱིན་པས། ནམ་མཁའ་ཡང་ག་ལེར་དྭངས། དེ་ནས་པར་ཆས་སྣ་ཚོགས་ཁྱེར་བའི་ཡུལ་སྐོར་བ་ཁ་ཤས་འཕྲད་པས་ཁོང་ཚོ་དང་མཉམ་དུ་སྨུག་པའི་ཁྲོད་དུ་བསྐྱོད་པ་ཡིན།

     དེ་ནས་ཅུང་ཕྱིན་རྗེས། ནམ་མཁའ་སྔོ་སྐྱར་གྱུར་ལ། ནམ་མཁར་གསལ་ལ་མི་གསལ་གྱི་སྤྲིན་པ་ལྡིང་ཡོང་། ཁྲོམ་ལམ་འགྲམ་གྱི་ཞོགས་ཟས་ཚོང་ཁང་ཚང་མའི་གློག་གསལ་བ་དང་། བདེ་ཆེན་རྫོང་དུ་གནས་པའི་ཇོ་བོ་ནམ་མཁའ་བཀྲ་ཤིས་དགོན་གྱི་ཉེ་འགྲམ་ནས་གྲྭ་པ་ཚོས་ཞལ་འདོན་གནང་བའི་སྒྲ་གྲགས་བྱུང་། གནམ་མཁའ་ཇེ་གསལ་དུ་སོང་ཡང། སྨུག་པ་ད་དུང་ཡལ་མེད།


     གངས་རིའི་རྩེ་མོ་མཇལ་མ་ཐུབ་ཀྱང་། སྨུག་པའི་ཁྲོད་ཀྱི་གངས་རིའི་མཛེས་ལྗོངས་ཀུན་དང་མི་འདྲ་བ་ཞིག་འདུག

     ཁ་བ་དཀར་པོ་དང་། བོད་རང་སྐྱོང་ལྗོངས་ཀྱི་གངས་རིན་པོ་ཆེ། མཚོ་སྔོན་ཞིང་ཆེན་གྱི་ཨ་མྱེས་རྨ་ཆེན་རི་བོ། ཇོ་བོ་སྒྱོགས་ཆེན་ལྡོང་ར་བཅས་བཞི་ནི་བོད་བརྒྱུད་ནང་བསྟན་གྱི་གནས་རི་ཆེན་པོ་བཞི་ཞེས་བརྗོད་སྲོལ་ཡོད།


     ས་འདི་ནི་རྒྱལ་མོ་རྔུལ་ཆུ་དང་འབྲི་ཆུ་རྒྱུག་ཁུལ་དུ་གནས་ལ། བོད་རིགས་དང་། ལི་སུའུ་རིགས། ནུའུ་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་ཞིག་གི་འདུས་སྡོད་ཁུལ་ཡང་ཡིན་པ་མ་ཟད། དེང་སྐབས་ཀྲུང་གོ་ཙམ་མ་ཟད་འཛམ་གླིང་ཡོངས་ཀྱི་མི་རིགས་རིག་གནས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཤིག་ཀྱང་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1