གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༠ཉིན།

པར་རིས་ལམ་ནས་འཚོ་བ་གསར་པར་བསྟོད།



གློག་ཤུགས་རིམ་འཕར་གྱི་ལེའུ། 


        སི་ཁྲོན་བོད་ཁུལ་གྱི་གློག་ཤུགས་མཉམ་འབྲེལ་དྲ་བའི་ལས་གྲྭ་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་དེ། མཐོ་སྒང་གི་ཁྱིམ་གཞིས་སུ་མར་མེའི་མཆོད་ཀོང་ལས་ཀྱང་འོད་སྣང་ཆེ་བའི་གློག་གི་སྒྲོན་མེ་སྐར་ཚོགས་ལྟར་བཀར་ཡོད་ལ། དེས་འདས་སོང་གི་མུན་ནག་རྩ་ནས་སེལ་ཏེ། དེང་རབས་ཀྱི་འོད་སྣང་ཁྱིམ་གཞིས་སོ་སོར་ལ་དྲངས་ཡོད།

ཞིང་ལས་དེང་རབས་ཅན་གྱི་ལེའུ། 

        ཉེ་བའི་ལོ་འགའི་རིང་། སི་ཁྲོན་བོད་ཁུལ་གྱིས་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་བཏང་ཡོད། “རྟེན་གཞི་འཛུགས་པ་དང་། ཐོན་ལས་གསོ་བ། ཐོན་རྫས་འདྲེན་པ། ཚོང་རྟགས་གཏོད་པ་”བཅས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ་སྣོད་བཅུད་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཆེད་ལས་མཉམ་ལས་ཁང་ཁག་གཅིག་བཙུགས་ནས་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་མཐོ་རུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

འབྲོག་ལས་གསར་བཅོས་ཀྱི་ལེའུ། 
        བོད་རིགས་ས་ཁུལ་གྱི་འབྲོག་པ་ཚོ་སྔོན་མར་དུས་ཚིགས་བཞི་ལ་སྦྲ་གུར་དུ་འཚོ་ཞིང་། དུས་དང་རྣམ་པ་ཀུན་ཏུ་རྟ་ནོར་ལུག་གསུམ་གྱི་རྗེས་འདེད་དེ་འཚོ་བ་སྐྱེལ་དགོས་སྟབས་དཀའ་ངལ་ཤིན་ཏུ་ཆེ། ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་རོགས་རམ་འོག །འབྲོག་པ་ཚོས་ཆར་དང་ཉི་འོད་འགོག་ཐུབ་པའི་གུར་གསར་པ་སྤྱོད་པར་མ་ཟད། ད་དུང་ཉི་ནུས་གློག་སྒྲོན་གྱི་སྒྲིག་ཆས་དང་ལྕགས་ཐབ། འོ་དཀྲུག་འཕྲུལ་ཆས་སོགས་སྤྱོད་བཞིན་ཡོད་ལ། དེང་རབས་ཀྱི་ལུགས་དང་མཐུན་པའི་འབྲོག་པའི་ཐོན་རྫས་དུ་མ་ཞིག་འཛམ་གླིང་གི་ཚོང་ར་རུ་བསྐྱོད་དང་སྐྱོད་བཞིན་མཆིས།

སྨན་བཅོས་འགན་སྲུང་གི་ལེའུ། 

        ཐུམ་འབུའི་ནད་དང་གློ་གཅོང་གི་ནད་སོགས་ནི་བོད་ཁུལ་མང་ཚོགས་ཀྱི་ཚེ་སྲོག་འཕྲོག་པའི་གཤེད་མ་གཏུམ་ཤོས་ཤིག་ཡིན་ཀྱང་། དེང་སྐབས་དེ་ལ་ཚོད་འཛིན་དང་སྨན་བཅོས་ནུས་ལྡན་བྱེད་བཞིན་ཡོད། སི་ཁྲོན་བོད་ཁུལ་གྱི་སྨན་བཅོས་འགན་ལེན་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་དེ། ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་100%འགན་བཅོལ་ནང་ཞུགས་ཤིང་། སྨན་བཅོས་རྣམ་གྲངས་གང་མང་ཞིག་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པས། བོད་རིགས་ས་ཁུལ་གྱི་མང་ཚོགས་དེ་བས་མང་བར་ཕན་པ་སྐྲུན་བཞིན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1