གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༧ཉིན།

རྔ་བ་རྫོང་ཁང་སང་ཚང་ཞིང་ལས་མཉམ་ལས་ཁང་གི་ཞོག་ཁོག་ལ་ལོ་ལེགས་བྱུང་།


         ཡང་བསྐྱར་ལོ་གཅིག་གི་སྟོན་འབྲུ་སྡུད་པའི་དུས་སུ་སླེབས་པ་དང་བསྟུན། ཉེ་ཆར། གསར་འགོད་པས་རྔ་བ་རྫོང་བློན་ཚང་ཡུལ་ཚོའི་ཁང་སང་ཚང་ཞིང་ལས་མཉམ་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། མཉམ་ལས་ཁང་དེས་བློན་ཚང་ཡུལ་ཚོ་ཁ་ཤི་སྡེ་བ་རུ་བཏབ་པའི་ཞོག་ཁོག་ལ་ལོ་ལེགས་བྱུང་ཡོད།
        རྒྱུས་ལོན་པ་ལྟར་ན། རྟེན་གཞིར་ཞོག་ཁོག་སྡུད་མཁན་ནི་ཁ་ཤི་སྡེ་བའི་ཡིག་ཚགས་སུ་བཀོད་ཀྱང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་ཡིན་ཞིང་། ཁོ་ཚོ་ཉིན་རེར་མི་རེར་གླ་ཆ་སྒོར་100ནས་200ཡོད་པ་དང་། རྟེན་གཞིའི་ཞོག་ཁོག་བསྡུ་བར་ཉིན་20དགོས་ལ། སྔོན་དཔག་བྱས་པ་ལྟར་ན་མི་རེར་ཡོང་འབབ་སྒོར་2500འཕར་ཐུབ།

        ད་ལོར། མཉམ་ལས་ཁང་གིས་ས་ཞིང་འགན་གཙང་བླངས་པ་བརྒྱུད། ཁ་ཤི་སྡེ་བའི་རུ་ཁག་དང་པོ་དང་རུ་ཁག་གསུམ་པ་རུ་ཞོག་ཁོག་མུའུ་620བཏབ་ཅིང་། མུའུ་རེར་ཞོག་ཁོག་རྒྱ་མ་4000ནས་5000བར་ཐོན་ཐུབ། ད་སྐབས་མཉམ་ལས་ཁང་དང་ལིས་རྫོང་སྨི་ལའོ་ཐོའུ་བཟའ་བཅའ་ཀུང་སི་དང་མཉམ་འབྲེལ་བྱས་ཤིང་། ཞོག་ཁོག་རྒྱ་མ་རེར་0.65ཡི་རིན་གོང་ལྟར་ཀུང་སི་དེར་མཁོ་འདོན་བྱས་པ་དང་། ས་ཞིང་བོགས་མར་གཏོང་ལེན་བྱས་ནས་མཉམ་ལས་ཁང་གིས་ཁྱིམ་ཚང་60ལ་མུའུ་རེར་བོགས་དངུལ་སྒོར་180སྤྲད་ལ། མི་རེར་ཡོང་འབབ་སྒོར་430འཕར་ཐུབ།

        རྒྱུས་ལོན་པ་ལྟར་ན། ཁང་སང་ཚང་ཞིང་ལས་མཉམ་ལས་ཁང་ནི་2017ལོར་ཁ་ཤི་སྡེ་བའི་ན་གཞོན་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་འཇའ་མེ་དང་དཔལ་ལྡན། མེན་ཙི་བཅས་ཀྱིས་བཙུགས་ཤིང་། སྡེ་བ་དེའི་ཁྱིམ་ཚང་60ལྷག་མཉམ་ལས་ཁང་དུ་ཞུགས། རྫོང་དང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། རྫོང་ཚན་རྩལ་ཅུས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་འོག མཉམ་ལས་ཁང་རྫོང་གི་ཞོག་ཁོག་མུའུ་ཁྲི་འདེབས་པའི་རྣམ་གྲངས་ནང་ཞུགས་པ་དང་། ཞོག་ཁོག་མུའུ་500བཏབ་སྟེ་སྲིད་ཇུས་ཀྱི་གསབ་དངུལ་སྒོར་ཁྲི་10ལོངས་སུ་སྤྱོད།


        ལོ་ལེགས་བྱུང་བའི་རྣམ་པ་ནི་སྟོན་དུས་ཀྱི་སྣང་ཚུལ་ཡག་ཤོས་དེ་ཡིན་ཞིང་། ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་གིས་རོགས་རམ་དང་རོགས་སྐྱོར་འོག་ཁ་ཤི་སྡེ་བའི་ཞོག་ཁོག་འདེབས་པའི་རྟེན་གཞི་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་ཐུབ་པར་མ་ཟད། ས་གནས་ཀྱི་མང་ཚོགས་ཀྱང་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་དོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1