གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༢ཉིན།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་སྔོན་ཐོན་འཐུས་མི་ཚོར་མཇལ་འཕྲད་གནང་།


        ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པ་དང་མི་སྒེར་གྱི་འཐུས་མི་རྣམས་ལ་མཇལ་འཕྲད་གནང་བ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་དོན་མི་སྣ་ལ་དུས་ཆེན་གྱི་འཚམས་འདྲི་གནང་། ལི་ཁེ་ཆང་དང་ཝང་ཧུའུ་ཉིང་ཚོགས་འདུ་ལ་ཞུགས། 
        ཟླ་9ཚེས་10ཉིན། དགེ་རྒན་དུས་ཆེན་སྐབས་སོ་ལྔ་པ་སླེབས་པའི་ཉིན་དེར། 2019ལོའི་དགེ་རྒན་གྱི་དུས་ཆེན་དང་རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་སྤྲོད་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཛའ་བརྩེ་ལྡན་པའི་ངང་བྱ་དགའ་ཐོབ་མཁན་རྣམས་ལ་མཇལ་འཕྲད་གནང་བ་དང་། བྱ་དགའ་ཐོབ་མཁན་གྱི་སྔོན་ཐོན་ཚོགས་པ་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོ་ལས་དོན་མི་སྣར་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།   
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཡོད། 
     སྔ་དྲོའི་ཆུ་ཚོད་11ཐོག ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་ཕྱོགས་ཀྱི་ཚོམས་ཆེན་ལ་སླེབས་པ་དང་། དེར་དགའ་བསུ་ཞུ་བའི་ཐལ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་འཐུས་མི་རྣམས་ཀྱི་འགྲམ་ལ་ཕེབས་ཏེ། འཐུས་མི་རྣམས་དང་ལག་འཇུ་གནང་ཞིང་སྐབས་རེར་གླེང་མོལ་གནང་བ་དང་། མཉམ་དུ་དྲན་རྟེན་གྱི་འདྲ་པར་བསྐྱོན་ཡོད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས་ཤིང་། བྱ་དགའ་སྤྲོད་པའི་ཚོགས་ཆེན་ཐོག་ནས་གཏམ་བཤད་གནང་། ཁོང་མོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70རིང་། རང་རྒྱལ་གྱི་སློབ་གསོ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བའི་འགྱུར་ལྡོག་བྱུང་ཡོད་པ་དང་། རྒྱ་ཆེ་བའི་དགེ་རྒན་རྣམས་ཀྱིས་གཞན་ལ་མིག་དཔེ་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་མི་སྣ་གསོ་སྐྱོང་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཡར་ཐོན་ལ་ལེགས་སྐྱེལ་གལ་ཆེན་ཕུལ་ཡོད། རྒྱ་ཆེ་བའི་དགེ་རྒན་རྣམས་ཀྱིས་སྤྱི་ཁྱབ་ཧྲུུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཡིད་ལ་དམ་པོར་བཟུང་ཞིང་། སྤྱོད་ཤེས་ལུས་མཛེས་ལས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་དམིགས་ནས། ཏང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། སྐུལ་སློང་བཟང་པོས་སློབ་གསོ་གནང་བ་དང་མི་བཟང་གསོ་སྐྱོང་། དཀའ་སྤྱད་འབད་བརྩོན་དང་སློབ་སྦྱོང་གཉིས་ཀར་ཡར་ཐོན་ཡོད་པ། གུས་ལུགས་ལྡན་ལ་ཁོག་རྒྱ་ཆེ་བ། འཇམ་རྩུབ་ཟུང་འབྲེལ་བྱས་ནས། ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་“བཞི་ལྡན་”གྱི་དགེ་རྒན་བཟང་པོ་བྱ་རྒྱུའི་རེ་བ་དང་། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་གོམ་གང་མདུན་སྤོས་ཀྱིས་དགེ་རྒན་གྱི་གླ་ཕོགས་ཇེ་མཐོར་བཏང་ནས། དགེ་རྒན་ལས་རིགས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་ནས། རྒན་ལ་གུས་ཞིང་སློབ་ལ་གཅེས་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་གསུངས། 



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1