གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

གངས་བུ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༠ཉིན།

༄༅།། ཐོབ་ཤོར་གྱི་བསམ་གཞིག



གངས་བུ།    


སྟོན་མཇུག་གི་མཚན་ལྗོངས་འདི་ནས།
ཐོབ་ཤོར་གྱི་ཡིད་འགྱུ་དམར་པོ་ཞིག
ངའི་སེམས་པའི་རྩེ་མོ་ན་མཆོང་ལྡིང་བྱེད།
ཁྱོད་དང་སྟེས་དབང་གིས་ཕྲད་པ་ནས་བཟུང་།
ཁེར་རྐྱང་གི་རྣམ་ཤེས་ལ་གཤོག་པ་ཐོགས།

འདོད་འདུན་ཡོད་ཚད་ཀྱི་ནས་མྱུག་ལྗང་ཁུ།
ནུབ་ཁའི་ཉི་ཟེར་ལས་རྫོགས་ཚིག་འགོད་ཚེ།
ཞེ་སྨྲེང་བའི་གཏམ་རྒྱུད་ཀྱི་གླེགས་བམ་ཞིག
བདག་གི་སྐྱོ་གདུང་གི་སེམས་སུ་སྦྲུལ།

སྙིང་ཆུང་མཆུ་མས་བརླན་པའི་ཡིད་འགྱུ་དེ།
བཟོད་སྒོམ་ལས་གཞན་པའི་གཟོད་སྲོན་གྱིས་འཁུར་ནས།
གཏམ་རྒྱུད་རིང་མོའི་གླེགས་བམ་གྱི་ཀློང་དུ་ཉུལ་ཚེ།
སུ་ཞིག་གིས་ང་ལ་ལེ་བདའ་བྱས་ཤིང་།
སུ་ཞིག་གིས་ང་ལ་སེམས་གསོ་བྱེད་སྲིད་དམ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1