གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༣ཉིན།

བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་གསུམ་པ་འགོ་ཚུགས་པ།


               ཟླ་8ཚེས་20ཉིན་གྱི་སྔ་དྲོར“དམངས་ཕྱུག་བོད་དར་དང་འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་ལོན་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་གསུམ་པ་པེ་ཅིང་དུ་འགོ་ཚུགས་ཤིང་། ད་རེས་ཀྱི་གླེང་སྟེགས་ནི་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་འཕེལ་རྒྱས་མཐུན་ཚོགས་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་གནང་པ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ། དེ་བཞིན་ས་ཁུལ་གཞན་དག་གི་ཆེད་མཁས་དང་གཞི་རིམ་ལས་བྱེད་པ་100ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། 
པར་འདི་ནི་བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོའི་ཡུལ་དངོས།
              ད་རེས་ཀྱི་གླེང་སྟེགས་ཀྱིས“དམངས་ཕྱུག་བོད་དར་དང་འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་ལོན་པ”བརྗོད་དོན་གཙོ་བོར་དམིགས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ལོན་པའི་དུས་མཚམས་སུ་གལ་ཆེའི་དངོས་ཡོད་དོན་སྙིང་ལྡན། ཇི་ལྟར་བྱས་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་རིགས་ཀྱིས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་ལོན་པའི་རྒྱང་སྐྱོད་ལམ་བུའི་ཐོག་སྲིད་འདྲི་ཐབས་འདོན་གྱི་ནུས་པ་ག་འདྲ་འདོན་སྤེལ་བྱ་རྒྱུ་ནི་ད་རེས་གླེང་སྟེགས་སྟེང་ཆེད་མཁས་ཚོས་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུའི་གླེང་གཞིར་ཆགས་ཡོད་པ་རེད། 
              སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཨན་ཆི་དབྱི་ཡིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་གྱིས་ཡིག་ཐོག་གསུང་བཤད་གནང་བ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དང་ཞིབ་འཇུག་པ་དགྲ་འདུལ་གྱིས་བརྗོད་དོན་གཙོ་བོའི་སྙན་ཞུ་ཕུལ་བ། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་ཁྲེན་ཝུའེ་དང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་པདྨ་གཡང་སྒྲོན་གྱིས་ཆེད་མཁས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད། 
པར་འདི་ནི་བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོའི་ཡུལ་དངོས།
              བློ་མཐུན་སྲི་ཐར་གྱིས་ཐོག་མར་བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་གསུམ་པ་འཚོག་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། ཁོང་གིས་ལོ་མང་རིང་རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་བོད་རིག་པའི་ཞིབ་འཇུག་སྒྲིག་གཞི་དང་ཆེད་མཁས་དག་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་དངོས་ཡོད་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་ཧུར་ཐག་གནང་སྟེ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ཐོག་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་གནང་ནས་སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་ཁག་ཅིག་གྲུབ་པ་བརྒྱུད་ཀྲུང་དབྱང་གི་ཐབས་ཇུས་ལ་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་བསྟན་པ་རེད། 
              བློ་མཐུན་སྲི་ཐར་གྱིས་རྒྱ་ཆེའི་བོད་རིག་པའི་ལས་སྒྲུབ་པས་དུས་རབས་གསར་པ་ཟིན་ཐོར་འགོད་པ་དང་དུས་རབས་གསར་པ་རྩོམ་འབྲི་གནང་པ། དུས་རབས་གསར་པར་བསྟོད་གླུ་འབུལ་བ་བཅས་ཀྱི་འགན་འཁྲི་འཁུར་དུ་ལེན་ཕོད་པ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དངོས་ཡོད་གནད་དོན་གལ་ཆེན་ལ་དོ་ཁུར་བྱེད་པ། དུས་རབས་གསར་པའི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་སེལ་ཐུབ་པ་ཡོང་རྒྱུའི་བླང་བྱ་བཏོན་པ་དང་། ཆེད་མཁས་ཚོས“དམངས་ཕྱུག་བོད་དར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང”གི་བརྗོད་དོན་གཙོ་བོར་དམིགས་ཏེ་བློ་གྲོས་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ལོན་པར་ནུས་པ་དེ་བས་ཆེ་བ་འདོན་སྤེལ་དང་བྱས་རྗེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 
              ཞིབ་འཇུག་པ་དགྲ་འདུལ་གྱིས་བོད་འབྲེལ་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དམངས་ཕྱུག་བོད་དར་དམིགས་སར་འཛིན་པ། འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་ལོན་པ་སོགས་ཀྱི་ཐད་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“མཐའ་སྐྱོང་བོད་བརྟན”སོགས་འབྲེལ་ཡོད་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། རྒྱལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་དང་བོད་འབྲེལ་ཇུས་འདོན་ཚོགས་པའི་ནུས་པ་འདོན་སྤེལ་དང་མཐུན་སྦྱོར་བྱས་ཐོག  བོད་ལྗོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐད་རོགས་འདེགས་ཀྱི་ལས་དོན་བསྒྲུབས་པ་བཅས་ཐད་ཕྱིར་མིག་གནང་པ་དང་། དགྲ་འདུལ་གྱིས་རིམ་པ་རྗེས་མར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་2020ལོའི་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་ཟིན་རྗེས་བོད་ལྗོངས་ཀྱི་ཞིང་འབྲོག་པར་ཇི་ལྟར་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཇུས་འདོན་ཐད་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 
              མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་ཁྲེན་ཝུའེ་ཡིས་རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་བྱ་གཞག་གི་འགོ་ཚུགས་པ་ནས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་ནི་རྒྱལ་ཁབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས། འཛུགས་སྐྲུན་བཅས་དང་གོམ་འགྲོས་མཉམ་ཞིང་།  མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་འཕེལ་རྒྱུན་གཅིག་པ་རེད། ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་འོག  བོད་རིག་པའི་ཞིབ་འཇུག་ལས་དོན་ལ་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་གསོན་ཤུགས་རབ་ཏུ་རྒྱས་པའི་རྣམ་པ་ཡིད་དགྱེས་པ་ཞིག་མངོན་ཡོད་ལ། བོད་རིག་པའི་ཞིབ་འཇུག་བྱ་གཞག་ནི་འཕེལ་རྒྱས་བརྟན་ལ་གྲུབ་འབྲས་མངོན་གསལ་ལོན་ཡོད། དུས་རབས་གསར་པའི་བོད་རིག་པའི་ཞིབ་འཇུག་ལས་གཉེར་པ་ཞིག་ཡིན་པའི་ངོས་ནས། བོད་རིག་པའི་ཞིབ་འཇུག་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་འབད་བརྩོན་བྱས་ཏེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་ཆེད་བྱས་རྗེས་བླ་ལྷག་འདོན་དགོས་ཞེས་བསྟན། 
              བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་པདྨ་གཡང་སྒྲོན་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དུ་བོད་ལུགས་གསོ་རིག་ལས་དོན་ལ་ཡར་རྒྱས་ཆེན་པོ་བྱུང་ལ་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་དང་། བོད་ལུགས་གསོ་རིག་གི་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་གནང་ཡོད་པ། བོད་ལུགས་གསོ་རིག་ཞིབ་འཇུག་དང་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ཡོད་ཅིང་། ལྷག་པར་དུ་བོད་ལུགས་གསོ་རིག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གོ་ཆོད་ཐུབ་ཡོད། 2018ལོར“བོད་ལུགས་གསོ་རིག་གི་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད་ཅེས་བསྟན་བྱུང་ལ། ཁོང་གིས་དུས་རབས་ཀྱིས་བོད་ལུགས་གསོ་རིག་ཚུད་པའི་བོད་རིག་པ་ཞིབ་འཇུག་ལས་དོན་གྱི་ཡང་སྙིང་གསར་པ་སྤྲད་ཡོད་ཅིང་། བོད་རིག་པ་ཞིབ་འཇུག་པ་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན། 
པར་འདི་ནི་བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོའི་ཡུལ་དངོས།
              སྐབས་འདིའི་གླེང་སྟེགས་ཀྱི་འཚོག་ཡུན་ཉིན་གཉིས་ཡིན་ལ་གླེང་སྟེགས་གཙོ་བོ་དང་ཡན་ལག་གླེང་སྟེགས་སོགས་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད། གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་རྗེས་དུས་ཡུན་རིང་པོར་བོད་འབྲེལ་ཞིབ་འཇུག་གི་ལས་དོན་བགྱི་མཁན་ཆེད་མཁས་དང་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་གཞི་རིམ་ལས་བྱེད་པ་བཅས་མི་སྣ་བརྒྱད་ཀྱིས་གཙོ་དོན་སྙན་ཞུ་ཕུལ་བ་དང་འབྲེལ་རྒྱལ་ནང་གི་བོད་རིག་པའི་ཆེད་མཁས་གྲགས་ཅན་གྱིས་དཔྱད་འཇོག་གནང་རྒྱུ་རེད། ཕན་འབྲས་བཟང་པོ་ཐོན་ཆེད། གླེང་སྟེགས་ཀྱིས་ཚོགས་ཞུགས་ཆེད་མཁས་རྣམས་ཚོགས་ཆུང་གསུམ་ལ་བགོས་ནས་ཚོགས་འདུའི་བརྗོད་གཞིར་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་རྒྱུ་དང་། ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་ཆེད་མཁས་སྒྲིག་འཛུགས་བྱས་ཏེ་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ཀྲའོ་ཆོན་ཡིང་གྲོང་རྡལ་དུ་པེ་ཅིང་གྲོང་ཁྱེར་གྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་ཚུལ་ལ་རྟོག་ཞིབ་གནང་རྒྱུ་རེད་འདུག
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1