གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༠ཉིན།

༄༅།། ཡུན་རིང་པོར་ཙོག་ནས་བརྙན་འཕྲིན་ལ་བལྟས་ན་སྙིང་ལ་གནོད་པ་ཆེ།

            ཨ་མེ་རི་ཁའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།རྒྱུན་དུ་དུས་ཡུན་རིང་པོར་ཙོག་ནས་བརྙན་འཕྲིན་ལ་བལྟས་པ་ལས་སྙིང་ལ་ཐེབས་པའི་གནོད་འཚེ་ནི་རྒྱུན་དུ་གཞུང་ལས་ཁང་དུ་ཙོག་ནས་བྱ་བ་བསྒྲུབ་པའི་མི་ལས་ཀྱང་ཆེ་བ་རེད།
        ཞིབ་འཇུག་མི་སྣས་མི་དར་མ3500ལྷག་ལ་ཆ་སྙོམས་ཀྱིས་ལོ8.5ཡི་རིང་ལ་རྗེས་འདེད་བརྟག་དཔྱད་བྱས་པ་ལས་གོང་གི་སྡོམ་ཚིག་དེ་བཀོད་པ་དང་།ཙོག་ཡུན་མི་རིང་བའི་མི་དང་བསྡུར་ན་རྒྱུན་དུ་ཙོག་པའམ་ཡང་ན་ནམ་ཡང་ཙོག་ནས་བྱ་བ་བསྒྲུབ་དགོས་པའི་མི་ལ་སྙིང་ནད་འབྱུང་ཚད་དང་ཡང་ན་སྙིང་ནད་ཀྱིས་ཤི་བའི་ཚད་ཇེ་མཐོར་སོང་མེད་མོད།འོན་ཀྱང་ཉིན་རེར་བརྙན་འཕྲིན་ལ་ལྟ་བའི་དུས་ཚོད2ལས་མི་བརྒལ་བའི་མི་དང་བསྡུར་ན་ཉིན་རེར་དུས་ཚོད4ཡན་ལ་ཙོག་ནས་བརྙན་འཕྲིན་ལ་ལྟ་བའི་མི་ལ་སྙིང་ནད་འབྱུང་ཚད50%ཇེ་མཐོར་སོང་ཡོད།ཉིན་རེར་དུས་ཚོད4ཡི་ཡན་ལ་ཙོག་ཏེ་བརྙན་འཕྲིན་ལ་ལྟ་བའི་མིས་གལ་ཏེ་ཆ་སྙོམས་ཀྱིས་གཟའ་འཁོར་རེར་ཕལ་ཆེར་སྐར་མ150རིང་ལུས་སྦྱོང་ངེས་ཅན་ཞིག་བྱས་ན།སྙིང་ནད་འབྱུང་བ་དང་ཡང་ན་སྙིང་ནད་ཀྱིས་ཤི་བའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ་བོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1