གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༡༣ཉིན།

བོད་སྤོས་བཟོ་མཁན་ན་གཞོན་རྒྱུན་འཛིན་པ།

        མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའ་རུ་གནས་པའི་སི་ཁྲོན་འཛམ་ཐང་རྫོང་དུ་དུས་འཁོར་བོད་སྤོས་ཀྱི་གནའ་དུས་བཟོ་རྩལ་ཡང་དག་ཉར་ཚགས་བྱས་འདུག 2010ལོར། ཡུལ་དེའི་སྲིད་གཞུང་གི་རྒྱབ་སྐྱོར་འོག དུས་འཁོར་བོད་སྤོས་རྒྱུན་འཛིན་པ་མ་གཅོད་མ་ཡིས་དུས་འཁོར་བོད་སྤོས་རྒྱུན་འཛིན་གསོ་སྦྱོང་ཁང་བཙུགས་ནས། ཉེ་འཁོར་གྱི་གྲོང་མི་རྣམས་ལ་རིན་མེད་སྒོས་ལག་རྩལ་བསླབས་ཡོད། མིག་སྔར། མི་200ལྷག་གིས་བོད་སྤོས་ཀྱི་གཞུང་ལུགས་དང་བཟོ་སྟངས་ཀྱི་ལག་རྩལ་སྦྱོང་བཞིན་ཡོད་ཅིང་། མི་བཅུ་ཡིས་བོད་སྤོས་བཟོ་བའི་ལག་རྩལ་བྱང་ཆུབ་ཡོད་པས། བོད་སྤོས་བཟོ་ཐབས་ལ་གཞོན་ནུ་ལོ་ཆུང་གི་རྒྱུན་འཛིན་པ་ཡོད་འདུག  ངོ་སྤྲོད་བྱས་པར་གཞིགས་ན། དུས་འཁོར་བོད་སྤོས་ནི་རོ་བརྒྱ་སྨན་སྣ་སྡེབ་ནས་སྲོལ་རྒྱུན་བཟོ་རྩལ་གྱི་གོ་རིམ་ལྟར་བཟོས་ཡོད་འདུག






39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1