གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༡༣ཉིན།

བོད་རིགས་ཀྱི་བུད་མེད་འབུམ་རམས་པ་ཞིག་ལ་གཟི་བརྗིད་མཚན་སྙན་ཐོབ་འདུག



2019ལོའི་ཚན་རྩལ་ལས་དོན་པ་ཡག་ཤོས་ཅི་ཆུལ་མེའི།
          ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཚན་རྩལ་པུའུ། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་བཟོ་སྐྲུན་ཁང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་བཅས་ཀྱིས་པེ་ཅིང་དུ་སྤྱི་ཚོགས་ཡོངས་ལ“2019ལོའི་ཚན་རྩལ་ལས་དོན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་འདུག

          ས་བབ་སྨི་4500ཟིན་པའི་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་དུ་ཅི་ཆུལ་མེའི(གཡོན)ཡིས་ལས་རོགས་དང་མཉམ་དུ་གཟན་རྩྭ་འདེབས་འཛུགས་ཀྱི་འཆར་གཞིར་ཞིབ་འཇུག་བྱེད་བཞིན་པ།
          “2019ལོའི་ཚན་རྩལ་ལས་དོན་པ་ཡག་ཤོས”གྲས་ཀྱི་གཅིག་ནི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་ཕྱུགས་ལས་སྨན་བཅོས་ཞིབ་འཇུག་ཁང་གི་ཧྲུའུ་ཅི་དང་སུའོ་ཀྲང་གཞོན་པ་ཅི་ཆུལ་མེའི་རེད།
          གཤམ་ལ་“ཚན་རྩལ་ལས་དོན་པ་ཡག་ཤོས”ཀྲེན་ཆིའུ་མེའི་སྔོན་ཐོན་བྱས་རྗེས་ལ་གཟིགས་ཙམ་གནང་དང་།
          ཁ་ཤས་ཀྱིས་འབྲི་གཡག་ལ་ཚན་རིག་ཞིབ་འཇུག་བྱེད་དུས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་ཅེས་བརྗོད་ཀྱི་ཡོད། ལོ་ངོ་སུམ་ཅུའི་རིང་། ཁོང་ལ་འབྲི་གཡག་ཐོན་སྐྱེད་ཁོངས་གཏོགས་ཀྱི་ཞིབ་འཇུག་ཁྱབ་ཁོངས་སུ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཏེ། བོད་ཀྱི“ཞིང་གསུམ”འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་བྱས་ནས་བོད་ཀྱི་འབྲི་གཡག་ཞིབ་འཇུག་དེ་རྒྱལ་ཡོངས་དང་འཛམ་གླིང་དུ་ཁྱབ་པར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

          ཅི་ཆུལ་མེའི་ལ“ཀྲུང་གོའི་ན་གཞོན་བུད་མེད་ཚན་རིག་མཁས་ཅན”སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་མྱོང་ཞིང་། དེ་དག་ནི་ཁོང་གིས་བློས་གཏོང་མང་པོ་བྱས་པ་ལས་བྱུང་བ་ཞིག་ཡིན། ད་བར་ཁོང་གི་སྙིང་ལ་གཤག་བཅོས་ཐེངས་གསུམ་བྱེད་མྱོང་ཡོད།
          ལོ་ངོ་30ཡི་རིང་། བོད་རིགས་ཀྱི་བུད་མེད་འབུམ་རམས་པ་དེས་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱས་ནས། བོད་ཀྱི་འབྲི་གཡག་ཐོན་ལས་ཀྱི་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་འབྲོག་ཁུལ་གྱི་མི་སེར་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་བློ་གྲོས་སྐྱེས་སུ་ཕུལ་ཡོད།

          ཅི་ཆུལ་མེའི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ལས་ཚན་རིག་ཁང་དུ་ཚོད་ལྟའི་མ་དཔེར་ལྟ་བཞིན་པ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1