གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༠༧ཉིན།

ཨ་རིའི་ཐེ་ཁེ་ས་སུའི་མེ་མདའི་དོན་རྐྱེན་ཁྲོད་ཤི་མཁན་22བར་འཕར།

      ཟླ་8ཚེས་5ཉིན། ཨ་རིའི་ཐེ་ཁེ་ས་སུ་མངའ་སྡེའི་ཨེར་ཕ་སུའོ་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་3ཉིན་ཨེར་ཕ་སུའོ་རུ་ཐོན་པའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་རྨས་མ་གཉིས་རྐྱེན་ལམ་དུ་ཤོར་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་22བར་མང་དུ་ཕྱིན་པ་རེད། 
     ཨེར་ཕ་སུའོ་ས་གནས་དེ་གའི་སྨན་བཅོས་ལྟེ་གནས་ཤིག་གིས་རྨས་མ་གཉིས་ལྟེ་གནས་དེ་རུ་སྐྱོབ་ཐབས་བྲལ་ནས་ཤི་བ་ཁྱབ་བསྒྲགས་བྱས་པ་རེད། མིག་སྔར་ལྟེ་གནས་དེར་མེ་མདའ་བརྒྱབ་པའི་དོན་རྐྱེན་གྱི་རྨས་མ་མང་པོ་སྔར་བཞིན་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། དེའི་ནང་མི་གཅིག་ཉེན་ཁ་ལས་ཐར་མེད་པ་དང་གཞན་ཡང་མི་5ཡི་གནས་ཚུལ་བརྟན་པོར་གྱུར་ཡོད། 
     ཐེ་ཁེ་ས་སུ་ནུབ་རྒྱུད་ཨེར་ཕ་སུའོ་གྲོང་ཁྱེར་གྱི་ཝོར་མ་སྒོ་རྩིས་ཚོང་ཁང་ཞིག་ཏུ་ཚེས་3ཉིན་གྱི་སྔ་དྲོར་གློ་བུར་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་20རྐྱེན་ལམ་དུ་ཤོར་བ་དང་མི་26ལ་རྨས་སྐྱོན་བཟོས་ཡོད། 
     ཚེས་4ཉིན་གྱི་ནམ་ལངས་ཁར་ཨོ་ཧའེ་ཨོ་མངའ་སྡེའི་ཏའེ་ཏུན་གྲོང་ཁྱེར་ལའང་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མེ་མདའ་རྒྱག་མཁན་1ཚུད་པའི་ཉུང་མཐར་ཡང་མི་10རྐྱེན་ལམ་དུ་ཤོར་བ་དང་མི་16ལ་རྨས་སྐྱོན་བཟོས་ཡོད། 
     ཨ་རིའི་ཙུང་ཐུང་གིས་ཚེས་4ཉིན་ལ་རྒྱལ་ཡོངས་སུ་རྒྱལ་དར་ཕྱེད་ཙམ་ཕབ་ནས་ཚེས་8ཉིན་བར་དུ་གཞི་ཁྱོན་ཆེ་བའི་མེ་མདའ་བརྒྱབ་པའི་དོན་རྐྱེན་གཉིས་ཀྱི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ཚོར་མྱ་ངན་ཞུས་དགོས་ཞེས་ཁྱབ་བསྒྲགས་བྱས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1