གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༦ཉིན།

ཀྲུང་དབྱང་ནས་ལས་དོན་འདིའི་ཐད་བླང་བྱ་ནན་པོ་བཏོན་འདུག


           ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོ་ཆུང་གིས། ༼ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་༽ཞེས་པ་བཀྲམ་པ།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གིས། ༼ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་༽ཞེས་པ་བཀྲམ་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་ལ་གོ་བ་གཏིང་ཟབ་ལོན་པ་བྱས་ཐོག ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློའི་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་སོགས་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། བཅོས་སྒྲིག་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
           བརྡ་ཐོའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས། དུས་རབས་གསར་པར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པས་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་ཡག་པོ་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་འདིར་སློབ་སྦྱོང་བྱ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྲོས་ཚོགས་ཐོག་གནང་བའི་གལ་ཆེན་གསུང་བཤད་དང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་བཅས་ཟུང་འབྲེལ་བྱས་ཐོག མ་ལག་ཁྱོན་ཡོངས་དང་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ཞིང་ཆེན་རིམ་པའི་ལས་ཁུངས་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་ལས་ཁུངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་གཞིགས་ནས། ཆེད་དོན་སློབ་སྦྱོང་ཞིབ་བསྡུར་ཐེངས་གཅིག་བྱས་ཐོག བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུའི་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ། སྲུང་སྐྱོང་གཉིས་ལ་དཔྱོད་ཤེས་ངེས་ཤེས་དང་། བརྩེ་སེམས་ཀྱི་ངེས་ཤེས་རྙེད་པ་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་ནས། མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་བརྟན་ཤུགས་དང་འཇོན་ནུས་ཆེ་རུ་གཏོང་དགོས་ཞེས་བསྟན་འདུག
           བརྡ་ཐོའི་ནང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་རྟོག་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་ཁྲིད་དགོངས་པར་དཔེ་བསྡུར་བྱས་ཐོག ཧེ་བག་འཚོལ་བ་དང་། གནད་དོན་འཚོལ་བ། ཞན་ཆ་གསབ་པ། ཞིབ་དཔྱད་རྟོག་དཔྱོད་ཀྱི་ལས་དོན་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཞིང་ཆེན་རིམ་པའི་ལས་ཁུངས། ཞིང་ཆེན་རིམ་གཞོན་པའི་གྲོང་ཁྱེར་བཅས་ཀྱི་ལས་ཁུངས་ནས་གཙོ་གནད་དུ་སྲུང་སྐྱོང་གཉིས་ཐད་ཀྱི་ཧེ་བག་འཚོལ་རྒྱུ་དེ། ཀྲུང་དབྱང་གིས་སྐུལ་སློང་བྱས་པར་མཐའ་གཅིག་ཏུ་ལན་ཆ་བྱེད་མི་བྱེད་དང་། ཏང་ཀྲུང་དབྱང་གི་གཏན་འབེབ་མཐའ་གཅིག་ཏུ་ལག་བསྟར་བྱེད་མི་བྱེད། ཏང་ཀྲུང་དབྱང་གིས་བཀག་འགོག་བྱས་པ་དག་མཐའ་གཅིག་ཏུ་བཀག་འགོག་བྱེད་མི་བྱེད་ཀྱི་ཚད་འཛིན་སར་བརྩི་དགོས་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་ཀྱི་ཧེ་བག་འཚོལ་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ངོ་མ་བྱེད་པ་དང་། སྙིང་དོན་ངོ་མ་རྟོག་པ་བྱེད་པ། ཡིད་ཆེས་ངོ་མ་བྱེད་པ། དོན་ངོ་མར་སྤྱོད་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་མི་བྱེད་ཀྱི་ཚད་གཞིར་བརྩི་དགོས་པ། གཞི་རིམ་གྱི་རྨང་གཞི་བརྟན་གཏོང་ཐད་ཀྱི་ཧེ་བག་བཙལ་འཚོལ་བྱ་རྒྱུ་དེ། ལས་ཁུངས་ཏང་འཛུགས་ཐད་སྒྲོན་འོག་མུན་ནག་གི་གནད་དོན་གནས་ཡོད་མེད་ཀྱི་ཚད་གཞིར་འཛིན་དགོས་པ། སྤྱོད་དྲང་སྒྲིག་ནན་ཐད་ཀྱི་ཧེ་བག་འཚོལ་རྒྱུ་དེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སེལ་ཡོད་མེད་དང་། ནན་པོ་གཙིགས་ཆེ་ཤོས་སུ་བཟུང་ནས། ཏང་ཡོན་དང་ལས་བྱེད་པར་ཆ་ཕྱོགས་ཡོངས་ནས་དོ་དམ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག རུལ་མི་ཕོད་པ་དང་། རུལ་མི་རུང་བ། རུལ་མི་འདོད་པ་བཅས་ཀྱི་རྣམ་པ་གྲུབ་རྒྱུར་སྐུལ་འདེད་བཏང་མིན་གྱི་ཚད་གཞིར་འཛིན་དགོས་པ། འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པའི་ཐད་ཀྱི་ཧེ་བག་འཚོལ་རྒྱུ་དེ། འགན་འཁྲིའི་ལམ་ལུགས་ཞེས་པའི་སྣ་གཅུ་འདི་དམ་དུ་བཟུང་ནས། འགན་འཁྲི་ཁ་གསལ་དང་། འགན་འཁྲི་འཁུར་བ། འགན་གཙང་སྒྲུབ་བཅས་བྱུང་མིན་གྱི་ཚད་གཞིར་འཛིན་རྒྱུའི་བླང་བྱ་བཏོན་འདུག
           བརྡ་ཐོའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དགོངས་པའི་བླང་བྱ་ལྟར་བཅོས་སྒྲིག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། རིམ་ཁག་ཏང་ཙུའུ་ཡིས་གྲི་རྩེ་རང་ལ་གཏད་པའི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། དེ་བཞིན་སྒྲིག་ཁྲིམས་འཛུགས་སྐྱོང་སོགས་ཀྱི་ཁྲོད་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་ནས། གཟེར་འདེབས་སྙིང་སྟོབས་ཐོག་ནས་བཅོས་སྒྲིག་དོན་འཁྱོལ་ཐུབ་པ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཞིང་ཆེན་ལས་ཁུངས། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་ལས་ཁུངས་བཅས་ཀྱིས་ཆབ་སྲིད་ལས་ཁུངས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་རྒྱུན་འཁྱོངས་བྱས་ནས། སྲུང་སྐྱོང་གཉིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཐོག་མངོན་པ་བྱེད་པ་དང་། འགན་སྒྲུབ་འགན་འཁུར་དང་རང་འཁྲིའི་ལས་དོན་སྒྲུབ་པའི་དོན་དངོས་ཕན་འབྲས་ཐོག་ནས་མངོན་པ་བྱེད་པ། ཏང་ཡོན་དང་ལས་བྱེད་པའི་ཉིན་རེའི་གཏམ་སྤྱོད་ཀྱི་ཐོག་མངོན་པ་བཅས་བྱེད་དགོས། གནད་དོན་ལ་ཐད་ཀར་ཁ་གཏད་གཅོག་ནུས་པ་དང་། ལག་ལེན་དངོས་ཀྱི་ཐོག་ནས་གནད་དོན་ཐག་གཅོད་ཐུབ་པ་བྱེད་པ། རྣག་ཐོག་གཙག་འཁེལ་གྱི་ཐབས་ལམ་དང་རྨང་གཞི་བརྟན་གཏོང་གི་བྱ་ཐབས་བེད་སྤྱོད་ལེགས་པོ་བྱེད་དགོས། ལས་སྒྲུབ་དང་བྱ་གཞག་གསར་གཏོད་བྱེད་པའི་སྙིང་སྟོབས་མི་འདང་བ་དང་། ཁེ་གྱོང་གཙིགས་སུ་འཛིན་པ། འགན་འཁྲི་མི་འཁྱེར་བ་དང་ལས་དོན་མི་སྒྲུབ་པའི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱེད་པ་དང་། སྤྱོད་གཙང་དང་། འགན་འཁུར། སྲིད་བརྩོན། སྲིད་གཙང་བཅས་གཅིག་གྱུར་ཡོང་བ་བྱས་ཏེ། ཏང་ཡོན་ལས་བྱེད་པས་ལས་འགན་ལྕི་པོ་འཁུར་ནུས་པ་དང་། ལས་འགན་དཀའ་མོ་སྒྲུབ་ཕོད་པ། དཀའ་རྙོག་གནད་དོན་ཐག་གཅོད་བྱེད་ཕོད་པ་བཅས་བྱས་ནས། དཔོན་ངན་མུན་འཐོམ་ཅན་དང་། དཔོན་ངན་སྒྱིད་ལུགས་ཅན། དཔོན་ངན་ནུས་མེད་སྤོབས་མེད། དཔོན་ངན་ཟ་རྔམ་ཅན་བཅས་མི་ཆགས་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
           བརྡ་ཐོའི་ནང་། གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལོ་ཡི་བླང་བྱ་ལྟར། ཕྱི་ཚུལ་རིང་ལུགས་ཡོད་མེད་རྩད་ཞིབ་བྱེད་པའི་ལས་དོན་སྤེལ་རྒྱུར་སྣེ་ཁྲིད་བྱེད་པ་དང་། རིམ་པོ་མང་པོ་བརྒྱུད་ནས་ཡིག་ཆ་སྤྲོད་པ་དང་། རིམ་པ་མང་པོ་བརྒྱུད་ནས་ཚོགས་འདུ་འཚོགས་པ། ལྟ་སྐུལ་བརྟག་ཞིབ་ཀྱི་དཔྱད་དཔོག་ལས་དོན་མང་དྲག་པའི་གནད་དོན་ཐོག་གཅིག་སྡུད་བྱས་ཏེ་གནད་དོན་རེ་རེ་བཞིན་བཅོས་སྒྲིག་བྱ་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ཁྲོད་ཀྱི་སྒྲོན་འོག་གི་མུན་ནག་ལྟར་ལྷག་བསྡད་པའི་གནད་དོན་དག་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་དང་། ལས་ཁུངས་ཀྱི་སྲ་བརྟན་ནུས་ཡོད་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱས་ཏེ། ཏང་ཡོན་མི་རེ་ངོ་རེ་ཚང་མ་བཀྲག་མདངས་ལྡན་པའི་དར་ཆ་ཞིག་ཏུ་འགྱུར་བ་བྱེད་པ་དང་། ཀྲི་པུའུ་ཚང་མ་ཏང་དར་ལྷབ་ལྷུབ་ཏུ་གཡོ་བའི་དམག་འཐབ་བཙན་རྫོང་ལྟར་དུ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1