གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༡ཉིན།

འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས44པ2020ལོར་ཀྲུང་གོའི་ཧྥུའུ་ཀྲོའུ་རུ་འཚོག་རྒྱུ་ཡིན་པ།

འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས44པ2020ལོར་ཀྲུང་གོའི་ཧྥུའུ་ཀྲོའུ་རུ་འཚོག་རྒྱུ་ཡིན་པ།

      ཟླ་7ཚེས་9ཉིན། སྐབས་43པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་(འཛམ་གླིང་ཤུལ་བཞག་ཚོགས་ཆེན)ཀྲུའུ་ཞི་ཅ་ལ་ཡེ་ཧྥུ་ཡིས་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་སྐབས་རྗེས་མའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་དེ་སང་ལོར་ཀྲུང་གོའི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱིས་གཉེར་འགན་འཁུར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། 
     དེའི་རྗེས་ཀྱི་ཚོགས་འདུའི་ཐོག འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྒྱལ་ཁབ་ཁག་གིས་ཀྲུང་གོ་སློབ་གསོ་པུའི་པུའུ་ཀྲང་གཞོན་པ། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐེན་ཞུའེ་ཅུན་སྐབས་44པའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་པ་རེད། 
     ཐེན་ཞུའེ་ཅུན་གྱིས་བདམས་ཐོན་བྱུང་རྗེས་ཀྱི་ཤིས་ཚིག་ནང་། ཀྲུང་གོ་སྲིད་གཞུང་གིས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ནི་《འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་གི་སྲུང་སྐྱོབ་སྤྱི་ཆིངས》ཧུར་ཐག་གིས་ལག་ལེན་བསྟར་མཁན་དང་། འཛམ་གླིང་གི་ཤུལ་བཞག་སྲུང་སྐྱོབ་བྱ་གཞག་ནང་ཞུགས་མཁན་གཙོ་བོ། འཛམ་གླིང་གི་ཤུལ་བཞག་གོ་ལ་ཧྲིལ་པོར་བཅོས་སྐྱོང་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་མཁན་བཅས་ཡིན། འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་སྐབས་འདིས་ཀྲུང་གོའི་ཧྥུའུ་ཀྲོའུ་རུ་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་44པ་འཚོག་རྒྱུ་གཏན་འབེབས་བྱས་པ་དེ་ནི་ཀྲུང་གོའི་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ད་རེས་ཀྱི་ཚོགས་འདུ་ཡག་པོ་གཉེར་ནས། ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དུ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད།

འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས44པ2020ལོར་ཀྲུང་གོའི་ཧྥུའུ་ཀྲོའུ་རུ་འཚོག་རྒྱུ་ཡིན་པ།

  སྐབས་འདིའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་ཟླ་6ཚེས་30ཉིན་ཨ་ཧྲའེ་པན་ཅང་གི་པ་ཁུའུ་རུ་འཚོགས་པ་དང་ཟླ་7ཚེས་10ཉིན་མཇུག་བསྒྲིལ་རྒྱུ་རེད། སྐབས་འདིའི་ཚོགས་ཆེན་ཐོག  ཀྲུང་གོའི་ཧོང་ཧེ་རྒྱ་མཚོ(པོ་ཧའེ་རྒྱ་མཚོ)ཡི་དུས་བྱ་འཚོ་སྡོད་བྱེད་ས(དུས་ཐེངས་དང་པོ)དང་ཀྲུང་གོའི་ལིའང་ཀྲུའུ་གནའ་མཁར་གྱི་གནའ་ཤུལ་གཉིས་འཛམ་གླིང་ཤུལ་བཞག་མིང་གཞུང་ནང་འཇུག་རྒྱུའི་གྲོས་འཆམ་བྱུང་།

འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས44པ2020ལོར་ཀྲུང་གོའི་ཧྥུའུ་ཀྲོའུ་རུ་འཚོག་རྒྱུ་ཡིན་པ།

     འཛམ་གླིང་ཤུལ་བཞག་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ཚོགས་འདུ་ཞིག་ཡིན་ལ། ལོ་རེར་ཐེངས་རེ་འཚོགས་ཀྱི་ཡོད་པ་རེད། ཀྲུང་གོ་1985ལོར་《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས》ནང་ཞུགས་ཚུན། གོ་ལ་ཧྲིལ་པོའི་འཛམ་གླིང་ཤུལ་བཞག་གི་གྲངས་འབོར་འཕར་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ལ་གྱུར་ཡོད། མིག་སྔར། ཀྲུང་གོའི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་55ཟིན་པ་དང་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1