གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༨ཉིན།

༄༅།། ཁ་པར་བོར་རྗེས་སྐད་འཕྲིན་ནང་གི་སྒོར་མོ་ཇི་ལྟར་བསྲུང་དགོས།

        དེང་སྐབས་ལག་ཁྱེར་ཁ་པར་གྱི་བྱེད་ནུས་ནི་ཁ་པར་གཏོང་བྱེད་ཁོ་ན་ཙམ་མ་ཡིན་པར། ཁ་པར་ནི་མི་སྒེར་གྱི་རྒྱུ་ནོར་མང་པོ་སྲུང་བའི“ལྡེ་མིག”ལྟ་བུའང་ཡིན། འོ་ན་ཁ་པར་བོར་རྗེས་སྐད་འཕྲིན་ནང་གི་གཏོང་སྤྲོད་འབོ་སོགས་ཀྱི་ཨང་གྲངས་ནང་གི་དངུལ་ཕྱི་ལ་མི་ཤོར་བ་ཅི་ལྟར་བྱེད་དགོས་སམ། གཤམ་དུ་དེ་དག་ནང་གི་དངུལ་སྲུང་སྐྱོབ་བྱེད་ཐབས་འགའ་བཤད་ཡོད་པས། ཚང་མས་ཡིད་ལ་འཛིན་རོགས།
        ཁ་པར་བོར་རྗེས་གནས་སྐབས་སུ་མི་གཞན་ཐོ་ཨང་དུ་ཞུགས་པའམ་རྐུ་འཁྱེར་བྱེད་པའི་གནས་ཚུལ་མ་བྱུང་ཚེ། ཅུང་བདེ་འཇགས་ཡིན་པ་དང་། གནས་སྐབས་སུ་མི་གཞན་གྱིས་ཁྱེད་ཀྱི་ཐོ་ཨང་རྐུ་འཁྱེར་བྱས་མེད་པའི་རྟགས་ཡིན་པས་ཁྱེད་ཀྱིས་འདི་ལྟར་བསྒྲུབ་དགོས།
        གཅིག ཚོང་གཉེར་བྱེད་མཁན་ལ་ཁ་པར་བརྒྱབ་ནས་ཁ་པར་ཨང་གྲངས་སྤྱོད་མཚམས་འཇོག་དགོས་པ་དང་། མི་གཞན་གྱིས་ཁ་པར་ཨང་གྲངས་བརྒྱུད་ནས་ར་སྤྲོད་ཨང་གྲངས་སོགས་ལེན་པ་སྔོན་འགོག་བྱེད་དགོས།
        གཉིས། ཁ་པར་ཞིག་བཙལ་ནས་རང་ཉིད་ཀྱི་གཏོང་སྤྲོད་འབོ་རུ་ཞུགས་ཏེ་གསང་གྲངས་བཟོ་བཅོས་རྒྱག་དགོས།
        སྤྱིར་བཏང་དུ་གཏོང་སྤྲོད་འབོ་ནི་དུས་ཚོད་གཅིག་གི་ནང་ཁ་པར་གཅིག་གི་ནང་མ་གཏོགས་ཐོ་ཞུགས་བྱེད་མི་ཐུབ་པས། ཐོ་ཞུགས་བྱས་རྗེས་བོར་བརླག་ཏུ་སོང་བའི་ཁ་པར་སྟེང་གི་ཐོ་ཞུགས་རྣམ་པ་འགྱུར་བ་དང་། མི་གཞན་གྱིས་རྙེད་པའི་དབང་དུ་བཏང་ནའང་ཐོ་ཨང་དང་གསང་གྲངས་མེད་ན་ཐོ་ཞུགས་བྱེད་མི་ཐུབ།
        གཅིག ཁ་པར་གསར་པའི་སྟེང་དུ་ཁྱེད་ཀྱི་སྐད་འཕྲིན་ཐོ་འཇུག་བྱས་ནས། “设置-账号与安全-登录设备管理”འདི་དག་རིམ་པ་བཞིན་མནན་རྗེས། ཐོ་ཞུགས་བྱས་པའི་ཁ་པར་རེའུ་མིག་ལས་བོར་བརླག་སོང་བའི་ཁ་པར་སྒྲིག་ཆས་བསུབ་དགོས།
        གཉིས། དྲ་ལམ་དངུལ་བྱང་རེ་རེ་བཞིན་ཐོ་ཞུགས་བྱེད་དགོས་པར་མ་ཟད། ཐོ་ཨང་ཚང་མའི་གསང་གྲངས་བཟོ་བཅོས་རྒྱག་དགོས།
        གཞན་གྱིས་མཉམ་མི་འཇོག་པའི་ཐོ་ཨང་མང་ཆེ་བ་སྟེ་དཔེར་ན། མ་རྐང་འཛིན་ཤོག་གི་ཐོ་ཨང་དང་ཐེབས་རྩའི་ཐོ་ཨང་ནས་རྒྱུན་དུ་མ་དངུལ་ཁྱེད་ཀྱི་མིང་ཐོག་གི་བྱང་བུ་ནས་གཏོང་ཡོང་བྱེད་པའི་རེ་བ་འདོན་དགོས་པས། གནད་དོན་ཆེན་པོ་མེད། སེམས་མི་བདེ་ན་དེ་ལའང་གསང་གྲངས་བཟོ་བཅོས་བརྒྱབ་ཆོག
        མི་གཞན་གྱིས་ཁྱེད་ཀྱི་ཐོ་ཨང་རྐུ་སྤྱོད་བྱེད་བཞིན་པའི་སྐབས། གལ་ཏེ་ཁྱེད་ཀྱི་ཐོ་ཨང་མི་གཞན་གྱིས་རྐུ་སྤྱོད་བྱས་པ་ཤེས་ཚེ་གཉེར་སྐྱོང་ཚོང་པར་ཁ་པར་རྒྱག་དགོས་པ་ཕུད། འཕྲལ་དུ་མ་དངུལ་གྱི་ཐོ་ཨང་སྣ་ཚོགས་བསྡམས་བཅད་བྱེད་དགོས་པ་དང་། དུས་མཚུངས་སུ་ཉེན་བརྡ་གཏོང་དགོས།
        གཏོང་སྤྲོད་འབོ།
        ཁྱེད་ཀྱིས་གྲོགས་པོ་དང་གཉེན་ཉེའི་ཁ་པར་སྤྱད་ནས་གཏོང་སྤྲོད་འབོ་རུ་ཞུགས་རྗེས། རིམ་པ་བཞིན“我的-设置-安全设置-安全中心-挂失账号-立即挂失”མནན་ཏེ། ཐོ་ཨང་ཐག་གཅོད་བྱས་ན་གནས་སྐབས་སུ་མི་གཞན་གྱིས་བེད་སྤྱོད་བྱེད་མི་ཐུབ་ཅིང་མ་དངུལ་ཡང་གནས་སྐབས་བདེ་འཇགས་ཡིན།
        སྐད་འཕྲིན།
        གལ་ཏེ་འཕྲིན་གྲོགས་ཀྱིས་ཁྱེད་ལ་མི་ཞིག་གིས་ཁྱོད་ཀྱི་སྐད་འཕྲིན་བརྒྱུད་ནས་བརྡ་འཕྲིན་བསྐུར་བཞིན་འདུག་ཅེས་བཤད་བྱུང་ན། ཁྱོད་ཀྱིས་རང་གི་འཕྲིན་ཕྲན་བདེ་འཇགས་ལ་ཁག་ཐེག་ཇི་ལྟར་བྱེད་དགོས་སམ།
        གཅིག གྲོགས་པོའི་ལག་ཁྱེར་ཁ་པར་སྟེང་ནས་ཁྱོད་ཀྱི་སྐད་འཕྲིན་ལ་ཞུགས་དགོས།
        གཉིས།དེ་ནས“我-设置-账号与安全-微信安全中心-冻结账号”བཅས་གོ་རིམ་ལྟར་མནན་དགོས། དེ་ལྟར་བྱས་ན་ཐོ་ཨང་གནས་སྐབས་སུ་མི་གཞན་གྱིས་རྐུ་སྤྱོད་བྱེད་མི་ཐུབ་ལ་མ་དངུལ་ཡང་བདེ་འཇགས་ཡིན།
        ཁྱེད་ཀྱིས་ཁ་པར་གསར་པ་ཉོས་རྗེས། སྔར་གྱི་འཆར་ངོས་སྟེང་གི་གོ་རིམ་ལྟར“解冻账号”ཞེས་པ་མནན་ན། རྒྱུན་ལྡན་ལྟར་བེད་སྤྱོད་བྱེད་ཐུབ།
        དངུལ་ཁང་གི་ཐོ་ཨང་།
        ལག་ཁྱེར་ཁ་པར་བོར་བརླག་བྱུང་རྗེས། རྒྱུན་སྤྱོད་ཀྱི་གཏོང་སྤྲོད་མཉེན་ཆས་དང་འཕྲིན་གཏོང་མཉེན་ཆས་དག་མི་ངན་གྱི་རྒོལ་རོགས་བྱ་ཡུལ་དུ་འགྱུར་སླ་བར་མ་ཟད། ང་ཚོའི་དྲ་དངུལ་ཡང་ཉེན་ཁའི་གནས་སུ་གྱར་ཡོད། གང་ལྟར་ད་ལྟའི་མི་ངན་ཚོའི་ལག་རྩལ་ཉིན་རེ་བཞིན་སྔོན་ཐོན་དུ་གྱུར་ནས་ཁྱེད་ཀྱི་གསང་གྲངས་སྣ་ཚོགས་ཤེས་ཐབས་བྱེད་པ་དང་ཐ་ན་སྐབས་འགར་སྐར་མ་ཁ་ཤས་ནང་ཐག་གཅོད་བྱེད་ཐུབ།
        འོ་ན་ཛ་དྲག་ཆེ་བའི་གནས་ཚུལ་འོག་ང་ཚོས་ཇི་ལྟར་རང་ཉིད་ཀྱི་དངུལ་བྱང་ཐོ་ཨང་གི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་སམ་ཞེ་ན།
        དངུལ་ཁང་བྱང་བུའི་ཁོངས་གཏོགས་དངུལ་ཁང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱབ་ནས་ཐོ་ཨང་སྤྱོད་མཚམས་འཇོག་དགོས། དེ་ལྟར་བྱས་ན་དྲ་དངུལ་བེད་སྤྱོད་གཏོང་མཚམས་བཞག་པ་རེད། གནད་དོན་ཐག་གཅོད་བྱས་རྗེས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་དངུལ་བྱང་འཁྱེར་ནས་དངུལ་ཁང་དུ་སོང་སྟེ་གསར་དུ་སྒོ་ཕྱེ་བས་འཐུས།
        གཞན་ཡང་ད་ཆ་མི་མང་པོ་ཞིག་གིས་རང་ཉིད་ཀྱི་དྲ་དངུལ་ལ་མཛུབ་རིས་ཐོ་འཇུག་བཟོས་ཡོད་པས། གལ་སྲིད་བོར་བརླག་སོང་ཚེ་མི་ངན་གྱིས་བེད་སྤྱོད་བྱེད་ཐུབ་ཀྱིན་མེད་པ་དང་། ངེས་པར་དུ་ཐོ་ཨང་གསང་གྲངས་བཀོལ་ནས་ཐོ་འཇུག་བྱེད་དགོས།
        ཁ་པར་བོར་བརླག་སོང་རྗེས།བྲེལ་འཚུབ་མི་ལངས་པར་དུས་ཐོག་ཏུ་གོང་གི་བྱེད་ཐབས་ལྟར་རང་ཉིད་ཀྱི་གྱོང་གུན་ཆུང་དུ་གཏོང་ཅི་ཐུབ་བྱེད་དགོས།

39.7K

རྩོམ་ཡིག་སྔོན་མ།
༄༅།། གད་སྙིགས།
རྩོམ་ཡིག་རྗེས་མ།
༄༅།། ཡེ་དགའ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1