གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༢༤ཉིན།

བཙན་ལྷ་རྫོང་དུ་སྐར་ལྔའི་དར་ཆེན་ལྷབ་ལྷུབ་ཏུ་གཡོ།

        ཉེ་སྔོན། བཙན་ལྷ་རྫོང་རི་བོ་སྐུ་བླ་གྲོང་རྡལ་ཁྲའོ་ཧྲན་ཕིང་དུ་《ང་དང་ངའི་མེས་རྒྱལ》ཞེས་པའི་འགྱུར་ཁུགས་སྙན་ཞིང་འཇེབས་པ་ལྷིང་སེ་གྲགས་ཡོང་ལ། ས་གནས་དེ་གའི་མང་ཚོགས་ཀྱིས་རྒྱལ་གཅེས་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོའི་བྱེད་སྒོ་སྤེལ་མགོ་ཚུགས་བྱུང་། 
        བྱེད་སྒོའི་ཡུལ་དངོས་སུ་སྨི་གྲུ་བཞི་མ1650ཟིན་པའི་རྒྱལ་དར་ཆེན་པོ་ཞིག་དལ་གྱིས་བསྒྲེངས་ཤིང་། ཚང་མས་ལག་ནང་དུ་སྐར་ལྔའི་དར་དམར་གཡུག་བཞིན《ང་དང་ངའི་མེས་རྒྱལ།》དང《དེ་རིང་ནི་ཁྱོད་ཀྱི་སྐྱེས་སྐར་ཡིན།》《དར་དམར་ལྷབ་ལྷུབ་ཏུ་གཡོ་བ།》སོགས་གླུ་གཞས་མཉམ་དུ་བཏང་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུས།
        རྒྱུས་ལོན་པ་ལྟར་ན། རྒྱལ་དར་ཆེན་པོ་དེའི་རིང་ཚད་ལ་སྨི་50དང་ཞེང་ཚད་ལ་སྨི་33དང་། སྤྱིའི་ལྗིད་ཚད་ལ་སྤྱི་རྒྱ་200ཡོད་པ་རེད། རྒྱལ་དར་ཆེན་པོ་ས་གནས་མང་ཚོགས་500ལྷག་གིས་མཉམ་དུ་ཡར་བཀྱགས་པ་དང་། མི་སེམས་དབང་མེད་དུ་འགུལ།
       རྒྱལ་དར་ཆེན་པོའི་འོག་ཏུ། སི་ཁྲོན་ལྗོངས་སྐོར་སློབ་གླིང་ནས་ཡོང་བའི་སློབ་མ་200ཡིས་ད་དུང་གྲངས་ཀ་70ཡི་རྣམ་པར་བསྒྲིགས་ནས། མེས་རྒྱལ་གྱི་ལོ་ངོ་70ཡི་འཁྲུངས་སྐར་བསུས་བྱུང་།

     མང་ཚོགས་ཁྲི་ཕྲག་གིས་སྐད་གསེང་མཐོན་པོས་མེས་རྒྱལ་གྱི་བཀའ་དྲིན་ལ་བསྟོད་གླུ་ཕུལ་བྱུང་།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1