གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༠༣ཉིན།

༄༅།། སྐྱེས་མ་ཚོར་དུས་ནམ་ཞིག་ལ་མངལ་འཁོར་ན་འཚམ་པ་རེད།

        དཔྱིད་ཀ་ཤར་བ་དང་བསྟུན་ནས། མི་མང་པོ་ཞིག་གིས་དུས་ཚོད་འདིར་མངལ་འཁོར་ན་ཡག་པོ་ཡོད་མེད་སྐོར་གླེང་གིན་ཡོད།
        གསོ་རིག་ཞིབ་འཇུག་ལས་མངལ་འཁོར་བའི་དུས་ཚོད་ཡག་ཤོས་ནི་ཟླ་བ་བརྒྱད་པའི་ཡས་མས་ཏེ། ཟླ་བདུན་པའི་ཟླ་མཇུག་ནས་ཟླ་དགུ་པའི་ཟླ་སྟོད་བར་རེད། སྟོན་དུས་ཀྱི་ནམ་ཟླ་ནི་ཚ་གྲང་སྙོམས་པར་མ་ཟད། ཤིང་ཏོག་དང་སྔོ་ཚལ་གྱི་རིགས་ཧ་ཅང་མང་པོ་ཡོད།
        སྟོན་མགོར་ཤིང་འབྲས་སྣ་ཁ་མང་བ། མངལ་འཁོར་སྐབས་སྦྲུམ་མ་རྣམས་ལ་ཟས་ཀྱི་དང་ག་མེད་པ་དང་། ཉིན་གང་བོར་སྐྱུག་མེར་ལངས་པར་མ་ཟད། མཚམས་རེར་དོན་མེད་དུ་རླུང་ལངས་ཀྱིན་ཡོད། དེའི་སྐབས་སུ་གང་ཞིག་བཟའ་དགོས་པ་དང་། ཇི་ལྟར་བྱས་ནས་བཟའ་དགོས་པ་དེས་མི་རིང་བར་ཨ་མར་འགྱུར་མཁན་རྣམས་ལ་སེམས་ཁྲལ་ཚད་མེད་བཟོ་ཡི་ཡོད། སྟོན་དུས་སྔོ་ཚོད་དང་ཤིང་ཏོག་སྣ་ཚོགས་སྨིན་པ་དེས་སྦྲུམ་མར་མངལ་འཁོར་སྐབས་འཚོ་བཅུད་ཀྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད། ཟས་ཀྱི་དང་གའང་འབྱེད་ཐུབ། སྟོན་དུས་དགོང་མོ་བསིལ་པོ་ཡོད་པས་གཉིད་ཡག་པོ་ཁུག་ཐུབ་ལ། གཉིད་ཡག་པོ་ཁུག་ན་ཨ་མའི་སེམས་པ་ཇེ་སྐྱིད་དུ་འགྲོ་གི་ཡོད་པས། ཕྲུ་གུ་འཚར་སྐྱེ་འབྱུང་བར་ཕན་པ་ལས་གནོད་པ་གཏན་ནས་མེད།
        ཕྲུ་གུ་སྐྱེ་བའི་དུས་ཚོད་ཕྱི་ལོའི་དཔྱིད་མཇུག་དང་དབྱར་མགོར་འཁེལ་ན་ཧ་ཅང་འཚམ་པོ་ཡོད། གང་ཡིན་ཞེ་ན། དེ་ནི་བང་གསོ་བའི་དུས་ཚོད་ཡག་ཤོས་ཤིག་རེད། དབྱར་མགོར་ཤ་དང་། འོ་མ། ཤིང་འབྲས། སྔོ་ཚོད་སོགས་འབེལ་པོ་ཡོད། ཕྲུ་གུ་སྐྱེས་མ་ཐག་པའི་ཨ་མའི་ངོས་ནས་བརྗོད་ན། ལྟོ་ཆས་ཡག་པོ་བཟའ་དགོས་པ་དང་། འཚོ་བཅུད་འདང་ངེས་གསབ་ན་བྱིས་པར་འོ་མ་བསྣུན་སྐབས་འོ་མའི་འཚོ་བཅུད་མང་དུ་འགྲོ་སྲིད།
        དབྱར་མགོར་གྱོན་ཆས་མཐུག་པོ་གྱོན་མི་དགོས། དུས་ཚོད་དེར་བྱིས་པ་དང་ཨ་མ་གཉིས་ཀས་གྱོན་ཆས་མཐུག་པོ་གྱོན་མི་དགོས་པས། འགུལ་སྐྱོད་བྱེད་དུས་སྟབས་བདེ་པོ་ཡོད་པར་མ་ཟད། བྱིས་པའི་འཚར་ལོངས་ལའང་ཕན་པ་ཆེན་པོ་ཡོད། །
        《བོད་ལྗོངས་བོད་སྐད་ཡིག་དྲིལ་སྒྲོག་དོ་དམ་གཞུང་ལས་ཁང་གི་དྲ་བ》ལས་བཏུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1