གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༠༥ཉིན།

ཀྲུང་གོའི་བཟོ་གྲྭས་བྷང་ག་ལའི་གྲོང་སྡེའི་དབུལ་ཞྭ་ཕུད་པ།


     བྷང་ག་ལའི་རྒྱལ་ས་ཏ་ཁ་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་རྗེས་བཟོ་གྲྭ་ཞིག་ཡོད་པ་དེར་ཡུལ་དེའི་ལས་མི་5000ལྷག་ཙམ་གྱིས་ཐོན་སྐྱེད་སྒྲུབ་རིམ་ཐོག་ལས་ཀ་བྱེད་བཞིན་ཡོད། ཉིན་ལྟར་བཟོ་གྲྭ་དེས་ཞྭ་མོ་ཁྲི་12ཙམ་ཐོན་སྐྱེད་བྱས་ཏེ་འཛམ་གླིང་གི་ས་ཆ་ཁག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད། ཞྭ་མོ་རེ་རེ་བཞིན་ཐོན་སྐྱེད་བྱས་པ་དང་ཆབས་ཅིག་ཡུལ་དེའི་གྲོང་སྡེའི་དབུལ་ཞྭའང་ཕུད་པ་རེད།
     ཀྲུང་གོ་ཧྥེ་ཏ་ཞྭ་ལས་ཚད་ཡོད་ཀུང་སིས་མ་དངུལ་བཏང་བའི་བཟོ་གྲྭ་དེ་ནི་འཛམ་གླིང་གི་ཞྭ་མོའི་བཟོ་གྲྭ་ཆེ་ཤོས་ཀྱི་གྲས་ཤིག་རེད། ཧྥེ་ཏ་ཞྭ་ལས་ཀྱིས་2013ལོར་བྷང་ག་ལར་མ་དངུལ་བཏང་སྟེ་བཟོ་གྲྭ་བཙུགས་པ་དང་དུས་ཡུན་ལོ་6ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད། བཟོ་གྲྭ་དེར་ཐོག་མའི་ལས་མི་200ནས་ད་ཆའི་ལས་མི་5000ལྷག་ཙམ་བར་འཕེལ་རྒྱས་བྱུང་ཡོད་ཅེས་ཏུང་ཧྲི་ཀྲང་ཡན་ཞི་ཆང་གིས་ངོ་སྤྲོད་བྱས།
     ད་ཆ་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་1བཏང་བ་དང་ཁྱོན་ཐོག་སོ་12ཡོད་པའི་བཟོ་ཁང་གསར་པའི་ཐོག་སོ་9པ་བར་བསྐྲུན་ཟིན་པ་དང་འཁོར་ཁང་གསར་པའི་སྒྲིག་ཆས་ལའང་མ་དངུལ་མི་དམངས་ཤོག་སྒོར་ཁྲི་5000ཙམ་བཏང་བ་རེད། བཟོ་ཁང་གསར་པ་འཁོར་རྒྱུག་ཐུབ་རྗེས་ལས་བཟོ་ཁྲི་1བར་མང་དུ་འགྲོ་རེ་ཡོད་པ་རེད།
      བཟོ་གྲྭའི་ས་སྟོང་ཞིག་ཏུ་གཞོན་ནུ་30ལྷག་ཙམ་གྱིས་བཟོ་གྲྭའི་མི་དོན་ཅིང་ལིའི་ལས་མི་བསྡུ་བའི་བརྡ་ཐོ་བསྒུགས་ནས་བསྡད་ཡོད། ལས་མི་བསྡུ་འགན་འཁུར་མཁན་དབྱི་སི་ལཱ་མོས་ཉིན་ལྟར་ཡུལ་དེའི་མི་200ནས་300བར་འདིར་ལས་ཀ་འཚོལ་བར་ཡོང་གི་ཡོད་ཅེས་བརྗོད། གཞོན་ནུ་ལཱ་སེ་ཏུས་ཟླ་བ་དྲུག་གི་གོང་ཁྱིམ་དུ་ལས་ཀ་ཐོན་ནས་ལས་དགོངས་ཞུ་དགོས་བྱུང་། བཟོ་གྲྭ་འདིའི་ཁོར་ཡུག་ཡག་པོ་ཡོད་པ་མ་ཟད། གླ་ཕོགས་ཀྱང་མཐོ་པོ་ཡོད་པས་ཡང་བསྐྱར་འདིར་ལས་ཀ་བྱེད་པར་ཡོང་བ་ཡིན་ཞེས་བརྗོད།
     ཧྥེ་ཏ་ཞྭ་ལས་ཀྱི་མཐོ་རིམ་ཅིང་ལི་ལི་ཧྥུ་སྨེན་གྱིས་2013ལོའི་ལོ་འགོར་བྷང་ག་ལར་བཟོ་གྲྭ་འཛུགས་སྐབས་འདིར་ས་རྒོད་ཡིན་པ་དང་གྲོང་ཚོར་མི་སུམ་བརྒྱ་བཞི་བརྒྱ་ཙམ་ལས་མེད། བཟོ་གྲྭ་འཛུགས་འགོ་བཙུགས་ཚུན་ཉེ་འདབས་ཀྱི་ས་རྒོད་དུ་མང་ཚོགས་ཀྱི་སྡོད་ཁང་མང་པོ་བརྒྱབ་ནས་བཟོ་གྲྭའི་མཐའ་འཁོར་དུ་རྒྱུན་སྡོད་མི་འབོར་ཆིག་ཁྲི་ཙམ་བར་མང་དུ་ཕྱིན་སོང་ཞེས་བརྗོད།
      2013ལོར་བཟོ་གྲྭའི་སྒོ་ཁར་ཚོང་ཁང་ཆུང་ཆུང་གཅིག་ལས་མེད་པ་དང་ད་ཆ་འདིར་ཚོང་ལས་ཁྲོམ་གཞུང་གཅིག་ཡོད། དུས་ཐུང་ལོ་6གི་ནང་དེ་སྔའི་གྲོང་སྡེ་ཆུང་ཆུང་དེ་ལྟོས་བཅས་ཀྱིས་འབྱོར་ཕྱུག་གྲོང་སྡེ་ཞིག་ལ་གྱུར་ཡོད།
     བྷང་ག་ལར་བཟོ་གྲྭ་བཙུགས་པའི་ཧན་གོའི་མ་འཇོག་ཁེ་ལས་ནི་ཧྥེ་ཏ་ཞྭ་ལས་ཀྱི་ཞྭ་མོའི་ལྕེ་ལེབ་མཁོ་སྤྲོད་ཚོང་པ་རེད། ཀུང་སིའི་ཡུལ་འདིའི་ལས་མི་15%ཡིས་ཧྥེ་ཏ་ཞྭ་ལས་ལ་ཞབས་འདེགས་ཞུ་གི་ཡོད་པ་དང་ཧྥེ་ཏ་ཞྭ་ལས་འཕེལ་རྒྱས་ཕྱིན་པ་ལས་ཀུང་སིའི་ཕྱིར་ཚོང་དང་དེ་བཞིན་ལས་མིའི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཡོད་ཅེས་ཀུང་སི་དེའི་ལས་དོན་མི་སྣས་བརྗོད།
      ཧྥེ་ཏ་ཞྭ་ལས་བྷང་ག་ལའི་བཟོ་གྲྭ་འཛུགས་མཁན་ཡན་པའོ་ལིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་མ་ཐག་ང་ཚོ་བྷང་ག་ལར་རྟོག་ཞིབ་བྱེད་པར་ཕྱིན་པ་ཡིན། བཟོ་གྲྭ་ད་ཆ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་འདི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་བྱུང་བ་ཞིག་རེད། བྷང་ག་ལའི་ཡུལ་དེའི་ལས་བཟོ་སྟོང་ཕྲག་ཁ་ཤས་ཀྱི་ངོས་ནས་བརྗོད་ན་ཀྲུང་གོའི་ཁེ་ལས་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ལྐོག་གྱུར་ཞིག་ཡིན་སྲིད། འོན་ཀྱང་གྲོས་འགོ་འདི་ལས་ཁོང་ཚོའི་འཚོ་བར་བྱུང་བའི་འགྱུར་ལྡོག་ནི་དངོས་དངོས་རྗེན་རྗེན་ཞིག་རེད་ཅེས་བརྗོད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1