གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༢༩ཉིན།

ཐེ་རོན་ཕུས་ཨ་རི《མཚོན་ཆའི་ཚོང་དོན་ཆིངས་ཡིག》ནས་"ཕྱིར་འཐེན"བྱ་རྒྱུ་ཡིན་པ་བརྗོད།

        ཟླ་4ཚེས་26ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། ཨ་རིས་《མཚོན་ཆའི་ཚོང་དོན་ཆིངས་ཡིག》ཐོག་མིང་རྟགས་བཀོད་པ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་བརྗོད་པ་རེད།

        ཐེ་རོན་ཕུས་ཉིན་དེར་ཨ་རིའི་དབྱིན་ཏི་ཨན་ནཱ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་དབྱིན་ཏི་ཨན་ནཱ་པའོ་ལི་སིར་འཚོགས་པའི་ཨ་རིའི་རྒྱལ་ཡོངས་ཀྱི་མེ་མདའ་རིང་མདའ་མཐུན་ཚོགས་ཀྱི་ལོ་ཚོགས་ཐོག་《མཚོན་ཆའི་ཚོང་དེན་ཆིངས་ཡིག》ནི་"ཧ་ཅང་གོ་ནོར་ཐེབས་སླ་བའི་ཆིངས་ཡིག་"ཞིག་ཡིན་པས། ཨ་རིས་ཆིངས་ཡིག་དེའི་ཐོག་མིང་རྟགས་བཀོད་པ་ཕྱིར་འཐེན་བྱ་རྒྱུ་དང་། མཉམ་འབྲེལ་རྒྱ་ཚོགས་ཀྱིས་ཨ་རིས་ཆིངས་ཡིག་དེ་ཁས་མི་ལེན་པའི་བརྡ་ཐོ་མགྱོགས་མྱུར་འབྱོར་རྒྱུ་རེད་ཅེས་བརྗོད་པ་རེད།
        ཕོ་བྲང་དཀར་པོས་དེ་རྗེས་གསལ་བསྒྲགས་སྤེལ་དོན། 《མཚོན་ཆའི་ཚོང་དོན་ཆིངས་ཡིག》གིས་"འགན་འཁྲི་མི་འཁུར་བའི་"མཚོན་ཆའི་ཚོང་དོན་གནད་དོན་ཐག་ཆོད་ངོ་མ་བྱེད་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱལ་ཁབ་གཞན་གྱིས་ཨ་རིས་མནའ་གྲོགས་དང་རོགས་ཟླར་མཚོན་ཆ་ཚོང་བར་ཚད་བཀག་བཟོ་བའི་ལག་ཆར་འགྱུར་ཡོད།
        2013ལོའི་ཟླ་4ཚེས་2ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས67པའི་ཐོག་རྒྱུན་ལྡན་མཚོན་ཆའི་རྒྱལ་སྤྱིའི་ཚོང་དོན་དོ་དམ་ལ་སྤྱོད་པའི་《མཚོན་ཆའི་ཚོང་དོན་ཆིངས་ཡིག》ལ་གྲོས་འཆམ་བྱུང་བ་དང་།  ཆིངས་ཡིག་དེ་2014ལོའི་ཟླ་12ཚེས་24ཉིན་ནས་དངོས་སུ་གོ་ཆོད་པ་རེད།  སྐབས་དེའི་ཨ་རིའི་ཙུང་ཐུང་ཨའོ་པཱ་མས་2013ལོར་《མཚོན་ཆའི་ཚོང་དོན་ཆིངས་ཡིག》ལ་མིང་རྟགས་བཀོད་པ་རེད། ཡིན་ནའང་། ཆིངས་ཡིག་དེར་ཨ་རིའི་གྲོས་ཁང་གོང་མའི་ཆོག་མཆན་ཐོབ་མེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1