གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༢༣ཉིན།

སྐབས་དགུ་པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མཇུག་སྒྲིལ་བའི་མཛད་སྒོ་དང་ཐེན་ཐན་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་བ།

        རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་འཛུབ་ཁྲིད་གནང་བ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་པེ་ཅིང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྐབས་དགུ་པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་མཇུག་སྒྲིལ་བའི་མཛད་སྒོ་དང་ཐེན་ཐན་བྱ་དགའ་སྤྲོད་པའི་མཛད་སྒོ་སྤྱི་ཚེས་20ཉིན་གྱི་དགོང་མོ་གཉེར་ཡོད་ཅིང་། ཏེན་མག་གི་གློག་བརྙན་བསོད་བདེ་ཆེ་བའི་བུ་པི་འར་ཞེས་པར་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། 

སྐབས་འདིའི་ཐེན་ཐན་བྱ་དགར་ཁྱོན་རྒྱལ་ཁབ་དང་ས་ཁུལ་85ནས་ཡོང་བའི་གློག་བརྙན་775འགྲན་བསྡུར་ནང་ཞུགས་རྒྱུའི་ཐོ་འགོད་བྱས་ཡོད། དེའི་ཁྲོད་རྒྱལ་ནང་གི་གློག་བརྙན་107དང་ཕྱི་རྒྱལ་གྱི་གློག་བརྙན་668ཡོད་པ་རེད། རྒྱལ་ཁབ་དང་ས་ཁུལ་20ཡི་གློག་བརྙན་15ཐེན་ཐན་བྱ་དགའི་ནང་ཚུད་ཡོད་ཅིང་། དེའི་ཁྲོད་འཛམ་གླིང་ཐོག་སྐད་གྲགས་ལྡན་པའི་འཁྲབ་ཁྲིད་པའི་བརྩམས་བྱ་གསར་ཤོས་ཡོད་ལ། རྒྱལ་སྤྱིའི་ཐོག་ཐོན་བཞིན་པའི་འཁྲབ་ཁྲིད་པ་གསར་པའི་བརྩམས་བྱ་ཡང་ཡོད་པ་མ་ཟད། སྟོན་ཐེངས་དང་པོ་ཡིན་པའི་གློག་བརྙན་ཡང་མང་པོ་ཞིག་ཡོད་པ་རེད། མཐའ་འཇུག་བྱ་དགའ་ཆེ་ཤོས་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་དེ་ཏེན་མག་གི་གློག་བརྙན་བསོད་བདེ་ཆེ་བའི་བུ་པི་འར་ཞེས་པར་ཐོབ་ཡོད་པ་རེད།
        ཧང་ག་རིའི་འཁྲབ་ཁྲིད་པ་ལ་སེ་ལོར་གློག་བརྙན་ལ་ཁའི་ཉིན་མོ་ཞེས་པར་བརྟེན་ནས་འཁྲབ་ཁྲིད་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། ཁྲེན་ཅན་པིན་གྱིས་འཁྲབ་ཁྲིད་གནང་བའི་ཀྲུང་གོའི་གློག་བརྙན་ཐེངས་བཅུ་གཅིག་པ་ཞེས་པར་འཁྲབ་གཞུང་ཡག་ཤོས་དང་། བུད་མེད་འཁྲབ་སྟོན་པ་ཕལ་པ་ཡག་ཤོས་ཀྱི་བྱ་དགའ་ཆེན་པོ་གཉིས་ཐོབ་ཡོད། ཀེ་རི་སིའི་གློག་བརྙན་ཞབས་ཞུ་མི་སྣ་ཞེས་པའི་ནང་ངོ་མཚར་ཆེ་བའི་འཁྲབ་སྟོན་གནང་མཁན་ཨ་ལི་སེ། སེ་ཧྥུ་ཐ་ལི་སེར་ཐེན་ཐན་བྱ་དགའི་སྐྱེས་པ་གཙོ་འཁྲབ་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། དབྱི་རན་གྱི་འཁྲབ་སྟོན་པ་ཧྥུ་ལུ་གེ ཁེ་ཀྲེ་པེ་གེ་ལིར་བུད་མེད་གཙོ་འཁྲབ་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།
        སྐབས་དགུ་པའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་རིང་། རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་500ཙམ་པེ་ཅིང་གི་གློག་བརྙན་སྟོན་པའི་འགྲེམ་སྟོན་ནང་ཞུགས་ཡོད་པས། གློག་བརྙན་ལྟ་མཁན་ཉིས་འབུམ་སུམ་ཁྲི་ཙམ་ཡིད་འགུག་བྱས་ཡོད་པ་དང་། ངོ་འཕྲད་སྤེལ་རེས་བྱེད་སྒོ་63གཉེར་ཡོད། པེ་ཅིང་ཁྲོམ་རར་ཐོ་འགོད་བྱས་པའི་འགྲེམ་སྟོན་ནང་ཞུགས་མཁན་ཁེ་ལས་202ཡོད་པས། རྣམ་གྲངས་ལ་གན་རྒྱ་བཞག་པའི་དངུལ་གྲངས་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར་309ཟིན་གྱི་ཡོད་པ་རེད།


 
 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1