གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༡༩ཉིན།

ཕ་རི་སིའི་འཕགས་མ་ལྷ་ཁང་ཉམས་བཟོ་བྱ་རྒྱུའི་སྐོར་ལ་ཧྥ་རན་སིའི་ལས་རིགས་ཁག་ནས་ཨ་སྒོར་དུང་ཕྱུར་ཁ་ཤས་ཞལ་འདེབས་འབུལ་རྒྱུ་དང་ལེན་བྱས་པ།

        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཕ་རི་སིའི་འཕགས་མ་ལྷ་ཁང་ལ་མེ་སྐྱོན་ཤོར་རྗེས། ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་གིས་ཕ་རི་སིའི་འཕགས་མ་ལྷ་ཁང་ཉམས་བཟོ་བྱ་རྒྱུའི་འབོད་སྐུལ་བསྒྲགས་པ་དང་། སྤྱི་ཚེས16ཉིན་ཧྥ་རན་སིའི་ལས་རིགས་ཁག་ནས་ལན་ཆ་ཧུར་ཐག་བྱས་ནས། ལས་གྲྭ་བསྐྱར་སྐྲུན་དང་ཉམས་བཟོ་བྱ་རྒྱུར་ཞལ་འདེབས་ཨ་སྒོར་དུང་ཕྱུར་ཁ་ཤས་འབུལ་རྒྱུ་དང་ལེན་བྱས་ཡོད་པ་རེད།

        སྤྱི་ཚེས16ཉིན་གྱི་ཞོགས་པ་སྔ་པོ་ནས་མང་ཚོགས་མང་པོས་ཕ་རི་སིའི་འཕགས་མ་ལྷ་ཁང་དུ་ཡོང་ནས། མེ་སྐྱོན་བྱུང་ཙམ་ཡིན་པའི་ལྷ་ཁང་དེར་ལྟ་སྐོར་བྱས་ཡོད། འབྲེལ་ཡོད་མི་སྣས་མེ་ཏོག་སོས་པ་ཁྱེར་ནས། སའེ་སྣ་ཧོ་ཆུ་བོའི་འགྲམ་ངོགས་སུ་བཞག་པ་དང་། མི་དེ་བས་མང་བས་གཙང་པོའི་འགྲམ་ངོགས་སུ་ལངས་ནས་ཐག་མི་རིང་བར་གནས་པའི་འཕགས་མ་ལྷ་ཁང་མཇལ་བཞིན་ཡོད་པ་རེད།
        ཕ་རི་སིའི་གྲོང་མི་ཅི་ལན་གྱིས། ཕ་རི་སིའི་འཕགས་མ་ལྷ་ཁང་ནི་ཧྥ་རན་སིའི་བསམ་པའི་རྒྱབ་བརྟེན་ཡིན་པས། དེར་མེ་སྐྱོན་ཤོར་བར་སེམས་སྡུག་ཆེན་པོ་བྱུང་། མི་རིང་བའི་རྗེས་སུ་ང་ཚོས་དེ་བས་མཛེས་སྡུག་ལྡན་པའི་འཕགས་མ་ལྷ་ཁང་མཇལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1