གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༡༥ཉིན།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་ནི་མི་སེམས་སུ་བརྐོས་པ་ཞིག་རེད་ཅེས་བསྟན་པ།


པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ལ་གཟིགས་སྐོར་གནང་བཞིན་པ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  “བོད་ཀྱི་ལོ་རྒྱུས་སུ་རྡོ་རིང་མང་པོ་ཡོད་དེ། ལ་ལ་ནི་ཤིང་གི་ངོས་སུ་བརྐོས་ཡོད་པ་དང་། ལ་ལ་ནི་རྡོའི་སྟེང་དུ་བརྐོས་ཡོད།  འོན་ཀྱང་ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་ནི་མི་སེམས་སུ་བརྐོས་པ་ཞིག་རེད།”  ཟླ་4ཚེས་10ཉིན་གྱི་ཕྱི་དྲོར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་གྱིས་ཕེབས་རོགས་བྱས་ཏེ་པེ་ཅིང་གི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ལ་གཟིགས་སྐོར་མཛད་སྐབས་དེ་ལྟར་གསུངས།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ལ་གཟིགས་སྐོར་གནང་བཞིན་པ།
            “ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ཞེས་པ་ནི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། དཔལ་འབྱོར་སྤྱི་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་དར་སྤེལ་བྱུང་བ།  ཆོས་དད་རང་མོས་ལ་འགན་སྲུང་བྱས་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་བཅས་ལེ་ཚན་ལྔ་ལ་ཕྱེ་ཡོད་པ་དང་། ལོ་60རིང་གི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས་དང་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་བཅས་ཀྱི་འཕོ་འགྱུར་ཟབ་མོ་གཙོ་གནད་དུ་བཟུང་ནས། ཏང་ཀྲུང་དབྱང་གི་ཡང་དག་པའི་དབུ་ཁྲིད་འོག་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་པོ་བརྒྱུད་ནས། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཧུར་བརྩོན་སྒོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་མངོན་པར་མཚོན།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ལ་གཟིགས་སྐོར་གནང་བཞིན་པ།
            གཟིགས་སྐོར་གནང་བའི་བར་སྐབས་སུ།  པཎ་ཆེན་རིན་པོ་ཆེས་བོད་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་དབུལ་ཕོངས་ཞིང་བྲན་དག་གིས་ཡ་ང་བའི་གཉའ་གནོན་མྱངས་པའི་སྐོར་གྱི་ལོ་རྒྱུས་པར་རིས་དག་མཐོང་སྐབས། ཁོང་གི་སྨིན་མ་རང་བཞིན་གྱིས་བསྡུས་འོང་བ་དང་།  ཞིང་བྲན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། ས་ཞིང་དང་ཕྱུགས་ཟོག་བགོས་པའི་རྣམ་པ་མཐོང་སྐབས་ཞལ་ནས་དགའ་སྤྲོའི་འཛུམ་མདངས་ཤར། 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་མཛད་རྗེས་རྡོ་རིང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་དམིགས་བསལ་འགྲེམས་སྟོན།”ལ་གཟིགས་སྐོར་གནང་བཞིན་པ།
            མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུ་ཞེས་པའི་ལེ་ཚན་ལས།   བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བའི་རིང་དང་།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར།  རིག་གནས། སྐྱེ་ཁམས་སོགས་སྒོ་ཀུན་ནས་འཕེལ་རྒྱས་ཆེན་པོ་ཕྱིན་པའི་རྣམ་པ་མངོན་པར་མཚོན་ཡོད།  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་བོད་ལྗོངས་གསར་བའི་རྣམ་པ་དང་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་པར་འགྱུར་བའི་བོད་ལྗོངས་མི་དམངས་ཀྱི་རྣམ་པ་མཐོང་སྐབས་དབུ་ལྕོག་ལྕོག་གནང་བ་དང་།  བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ཚུན་གྲུབ་འབྲས་རླབས་ཆེན་བྱུང་བར་བསྟོད་བསྔགས་མཛད།
            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས། “ཀྲུང་གོ་གུང་ཁྲན་ཏང་ཕྱོགས་གཅིག་པུས་བོད་ལ་དམངས་གཙོའི་བཅོས་སྒྱུར་གཏོང་དགོས་ཟེར་བ་མིན་པར།  བོད་མི་དམངས་ཀྱི་ཡུན་རིང་པོ་དང་འདུན་པ་དྲག་པོའི་རེ་སྒུག་འོག་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་སེམས་དང་བསྟུན་ནས་དམངས་གཙོའི་བཅོས་སྒྱུར་བཏང་བ་རེད། དེ་ནི་བདག་གི་སྐུ་ཕྲེང་སྔོན་མ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་གསུངས་པ་ནང་བཞིན་ཏེ།  ‘1959ལོ་ནི་བོད་ལྗོངས་མི་དམངས་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་ལོ་ཞིག་ཡིན།’  འགྲེམས་སྟོན་འདིས་རྒྱལ་ཁབ་ཕྱི་ནང་གི་མི་རྣམས་དང་གཞོན་སྐྱེས་རྣམས་ལ་ལོ་རྒྱུས་ཀྱི་དངོས་དོན་ཤེས་སུ་བཅུག་ཏེ་ཐོབ་དཀའ་བའི་དམངས་གཙོའི་བཅོས་སྒྱུར་གྱི་གྲུབ་འབྲས་དང་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་དུ་འཇུག་ཐུབ་ལ།  དེ་དང་ཆབས་ཅིག་ཚང་མས་མུ་མཐུད་དུ་སྔར་ལས་མཛེས་སྡུག་ཡིད་དུ་འོང་བའི་མ་འོངས་པ་འཛུགས་སྐྲུན་བྱེད་པར་སྐུལ་མ་བྱེད་ཐུབ་”ཅེས་གསུངས།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1