གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༠ཚེས་༡༡ཉིན།

༄༅། །ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་རྩྭ་སའི་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་དོན་གྱོད་གཞི་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་སྐོར་གྱི་གནད་དོན་འགའི་འགྲེལ་བཤད།

                རྩྭ་སའི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཉེས་བསགས་བྱ་འགུལ་ལ་ཁྲིམས་ལྟར་ཆད་པ་གཅོད་ཆེད། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས»ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ནས། ད་ལྟ་ཉེས་དོན་གྱོད་གཞི་འདིའི་རིགས་ལ་བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་གནད་དོན་འགའ་འགྲེལ་བཤད་བྱས་པ་གཤམ་གསལ་ལྟར།

དོན་ཚན་དང་པོ། རྩྭ་སའི་བཅའ་ཁྲིམས་སོགས་ས་ཞིང་དོ་དམ་ཁྲིམས་སྲོལ་དང་འགལ་བ་དང་། ཁྲིམས་འགལ་སྒོས་རྩྭ་ས་བདག་བཟུང་བྱེད་པ། བདག་བཟུང་བྱས་པའི་རྩྭ་སའི་སྤྱོད་ཡུལ་བསྒྱུར་བ་སོགས་བྱེད་པ་དང་། རྩྭ་ས་གཏོར་བརླག་ཚབས་ཆེན་བཟོས་ཡོད་ན། ཉེས་ཁྲིམས་ཀྱི་དོན་ཚན342པའི་གཏན་འཁེལ་ལྟར། ཁྲིམས་འགལ་སྒོས་ས་ཞིང་བདག་བཟུང་བྱས་པ་ལྟར་ཆད་པ་གཅོད་དགོས།

དོན་ཚན་གཉིས་པ། ཁྲིམས་འགལ་སྒོས་རྩྭ་ས་བདག་བཟུང་བྱེད་པ་དང་། བདག་བཟུང་བྱས་པའི་རྩྭ་སའི་སྤྱོད་ཡུལ་བསྒྱུར་བའི་གྲངས་འབོར་དེ་མུའུ་ཉི་ཤུའི་ཡན་ཡིན་པའམ་ཡང་ན་སྔོན་ཆད་རྩྭ་ས་བདག་བཟུང་བྱས་པའི་དབང་གིས་སྲིད་འཛིན་གྱི་ཆད་པ་ཁུར་མྱོང་བ་དང་། ལོ་གསུམ་མ་འགོར་བར་ཡང་བསྐྱར་རྩྭ་ས་བདག་བཟུང་བྱེད་པའམ་ཡང་ན་བདག་བཟུང་བྱས་པའི་རྩྭ་སའི་སྤྱོད་ཡུལ་བསྒྱུར་བའི་གྲངས་འབོར་མུའུ་བཅུའི་ཡན་ཡིན་ན། ཉེས་ཁྲིམས་ཀྱི་དོན་ཚན342པའི་ནང་གཏན་འཁེལ་བྱས་ཡོད་པའི“གྲངས་འབོར་ཅུང་ཆེ་བར”ངོས་འཛིན་བྱེད་ཆོག

ཁྲིམས་འགལ་སྒོས་རྩྭ་ས་བདག་བཟུང་བྱས་པ་དང་བདག་བཟུང་བྱས་པའི་རྩྭ་སའི་སྤྱོད་ཡུལ་བསྒྱུར་བའི་གྲངས་འབོར་ཅུང་ཆེ་བ་དང་། གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ན། ཉེས་ཁྲིམས་ཀྱི་དོན་ཚན342པའི་ནང་གཏན་འཁེལ་བྱས་ཡོད་པའི“རྨོ་ཞིང་དང་ནགས་ས་སོགས་ཞིང་སྤྱོད་ས་ཞིང་ལ་གཏོར་བརླག་བཏང”བར་ངོས་འཛིན་བྱས་ཆོག

(གཅིག)རྩྭ་ས་བསློགས་ནས་འབྲུ་རིགས་ལོ་ཏོག་དང་དཔལ་འབྱོར་ལོ་ཏོག སྡོང་བོ་སོགས་འདེབས་འཛུགས་བྱེད་པ།

(གཉིས)རྩྭ་སའི་སྟེང་ས་དོང་བརྐོ་བ་དང་ཁང་པ་ལས་པ། ཕྱེ་མ་བརྐོ་བ། གཏེར་ཁུངས་སྔོག་པ། ས་ལེན་པ་སོགས་ཀྱིས་རྩྭ་སར་གནོད་པ་བཏང་བ།

(གསུམ) རྩྭ་སའི་སྟེང་དུ་གད་སྙིགས་དང་བེད་མེད་དངོས་པོ་བཞག་ནས་རྩྭ་སའི་སྔོ་ལྗང་གི་ཚད་ལ་གཏོར་བརླག་དང་ཡང་ན་སྦགས་བཙོག་ཚབས་ཆེན་བཟོས་པ།

(བཞི)རྩྭ་སའི་སྲུང་སྐྱོང་དང་འཛུགས་སྐྲུན། བཀོལ་སྤྱོད་འཆར་གཞི་བཅས་དང་འགལ་བའི་སྒོ་ནས་ཕྱུགས་རྩྭ་དང་གཟན་རྩྭ་བཏབ་སྟེ། རྩྭ་ས་བྱེ་འགྱུར་དུ་བཏང་བའམ་ཡང་ན་ས་ཆུ་ཤོར་བ་ཚབས་ཆེ་བ།

(ལྔ)རྩྭ་སར་གཏོར་བརླག་ཚབས་ཆེན་ཐེབས་པའི་གནས་ཚུལ་གཞན་པ་བཅས་ཡིན།

དོན་ཚན་གསུམ་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་པས་ཉེར་ཕྱོགས་གཡོ་ཟོལ་བྱས་ཏེ། རྩྭ་སའི་བཅའ་ཁྲིམས་སོགས་ཀྱི་ས་ཞིང་དོ་དམ་ཁྲིམས་སྲོལ་དང་འགལ་བ་དང་། གཤམ་གྱི་གནས་ཚུལ་ནང་གི་གཅིག་ལྡན་ན། ཉེས་ཁྲིམས་ཀྱི་དོན་ཚན་410ནང་གཏན་འཁེལ་བྱས་ཡོད་པའི“གནས་ཚུལ་ཚབས་ཆེན”ལ་ངོས་འཛིན་བྱས་ཆོག

(གཅིག)ཁྲིམས་འགལ་སྒོས་མུའུ་བཞི་བཅུ་ཡན་གྱི་རྩྭ་ས་གཞུང་བསྡུ་དང་གཅིག་བསྡུས་སྒོས་བཀོལ་སྤྱོད། བདག་བཟུང་བྱེད་པར་ཆོག་མཆན་བཀོད་པ།

(གཉིས)ཁྲིམས་འགལ་སྒོས་རྩྭ་ས་གཞུང་བསྡུ་དང་གཅིག་བསྡུས་སྒོས་བཀོལ་སྤྱོད། བདག་བཟུང་བཅས་བྱེད་པར་ཆོག་མཆན་བཀོད་དེ། མུའུ་ཉི་ཤུ་ཡན་གྱི་རྩྭ་སར་གཏོར་བརླག་ཐེབས་པ།

(གསུམ)ཁྲིམས་འགལ་སྒོས་རྩྭ་ས་གཞུང་བསྡུ་དང་གཅིག་བསྡུས་སྒོས་བཀོལ་སྤྱོད། བདག་བཟུང་བཅས་བྱེད་པར་ཆོག་མཆན་བཀོད་དེ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་འབུམ་གསུམ་ཡན་དང་ཡང་ན་གཞན་པའི་གནས་ཚུལ་ཚབས་ཆེན་བཟོས་པ་བཅས་ཡིན།

གཤམ་གྱི་གནས་ཚུལ་འདི་དག་ལྡན་ན་ཉེས་ཁྲིམས་ཀྱི་དོན་ཚན410ནང་གཏན་འཁེལ་བྱས་ཡོད་པའི“རྒྱལ་ཁབ་དང་ཡང་ན་ཐུན་མོང་གི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པར”ངོས་འཛིན་བྱས་ཆོག

(གཅིག)ཁྲིམས་འགལ་སྒོས་རྩྭ་ས་མུའུ་བརྒྱད་བཅུ་ཡན་གཞུང་བསྡུ་དང་གཅིག་བསྡུས་སྒོས་བཀོལ་སྤྱོད། བདག་བཟུང་བཅས་བྱེད་པར་ཆོག་མཆན་བཀོད་པ།

(གཉིས)ཁྲིམས་འགལ་སྒོས་རྩྭ་ས་གཞུང་བསྡུ་དང་གཅིག་བསྡུས་སྒོས་བཀོལ་སྤྱོད། བདག་བཟུང་བཅས་བྱེད་པར་ཆོག་མཆན་བཀོད་པས། རྩྭ་ས་མུའུ་བཞི་བཅུ་ཡན་ལ་གཏོར་བརླག་ཐེབས་པ།

(གསུམ)ཁྲིམས་འགལ་སྒོས་རྩྭ་ས་གཞུང་བསྡུ་དང་གཅིག་བསྡུས་སྒོས་བཀོལ་སྤྱོད། བདག་བཟུང་བཅས་བྱེད་པར་ཆོག་མཆན་བཀོད་དེ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་འབུམ་དྲུག་ཡན་དང་ཡང་ན་གཞན་པའི་གནས་ཚུལ་ཚབས་ཆེན་བཟོས་པ་བཅས་ཡིན།

དོན་ཚན་བཞི་བ། གཏུམ་སྤྱོད་དང་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་དེ་རྩྭ་སའི་ལྟ་སྐུལ་ཞིབ་བཤེར་མི་སྣས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་གནོད་པ་བཟོས་ཏེ། ཉེས་པ་གྲུབ་ཡོད་ན། ཉེས་ཁྲིམས་ཀྱི་དོན་ཚན277ནང་གཏན་འཁེལ་བྱས་པ་གཞིར་བཟུང་ནས། གཞུང་དོན་ལ་གནོད་འཚེ་བཏང་བར་ངོས་བཟུང་སྟེ་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།

མང་ཚོགས་ལ་ངན་སྐུལ་བྱས་ཏེ་རྩྭ་སའི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལག་བསྟར་བྱེད་པར་བཙན་ཤེད་ཀྱིས་བཀག་འགོག་བྱས་ན། ཉེས་ཁྲིམས་ཀྱི་དོན་ཚན278ནང་གཏན་འཁེལ་བྱས་པ་གཞིར་བཟུང་ནས། བཅའ་ཁྲིམས་ལག་བསྟར་བྱེད་པར་བཙན་ཤེད་ཀྱིས་བཀག་འགོག་བྱེད་པའི་ཉེས་པ་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་ལྔ་བ། སྡེ་ཁག་གིས་ཉེས་ཁྲིམས་ཀྱི་དོན་ཚན342པའི་ནང་གཏན་འཁེལ་བྱས་པ་ལག་བསྟར་བྱེད་པའི་བྱ་སྤྱོད་ལྡན་ན། སྡེ་ཁག་ལ་དངུལ་ཆད་གཅོད་དགོས་པར་མ་ཟད། ཐད་ཀར་འགན་འཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་འཁྲི་མི་སྣ་གཞན་དག་ལ་འགྲེལ་བཤད་འདིའི་ནང་དུ་གཏན་འཁེལ་བྱས་ཡོད་པའི་ནག་ཉེས་གཏན་འཁེལ་ཚད་གཞི་ལྟར་ཆད་པ་གཅོད་དགོས།

དོན་ཚན་དྲུག་པ། ཐེངས་མང་པོར་རྩྭ་སའི་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་ལྡན་ཡང་ཐག་གཅོད་མ་བྱས་ན། ངེས་པར་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས་པ་དང་། རིམ་བསགས་ཀྱི་གྲངས་འབོར་དང་ཚད་གཞི་ལྟར་ཆད་པ་གཅོད་དགོས།

དོན་ཚན་བདུན་པ། འགྲེལ་བཤད་འདིའི་ནང་དུ་བཤད་པའི“རྩྭ་ས”ཞེས་པ་ནི་རང་བྱུང་གི་རྩྭ་ས་དང་མིས་བཟོས་རྩྭ་ས་ཡིན་ལ། རང་བྱུང་གི་རྩྭ་ས་ལ་རྩྭ་ཐང་དང་སྤང་རི། རི་སྒང་སོགས་འདུ་པ་དང་། མིས་བཟོས་རྩྭ་སའི་ནང་དུ་ལེགས་བསྒྱུར་བྱས་པའི་རྩྭ་ས་ལ་རྨོ་བསྐྱུར་རྩྭ་འདེབས་བྱས་པའི་ས་ཁུལ་འདུ་པ་ལས། མཁར་གྲོང་གི་རྩྭ་ས་མི་འདུ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1