གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༢༥ཉིན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཆམ་རིམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་ཁྱབ་བསྒྲགས་བྱས་པ།


     ཉེ་ཆར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2019ལོ་ནས་2030ལོ་བར་གྱི་གོ་ལ་ཧྲིལ་པོའི་ཆམ་རིམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་ཁྱབ་བསྒྲགས་བྱས་ཏེ་ཐེངས་རྗེས་མའི་ཆམ་རིམས་མ་ཐོན་གོང་རྒྱལ་ཁབ་ཁག་གིས་ཆམ་རིམས་སྔོན་འགོག་ཚོད་འཛིན་ཆུ་ཚད་མཐོ་རུ་བཏང་ནས་རྒྱབ་ཁབ་ཁག་གི་མི་དམངས་ཀྱི་བདེ་ཐང་གི་བདེ་རྩར་འགན་ལེན་ཐུབ་རེ་བྱེད་ཀྱི་ཡོད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དེ་ཉིན་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་འཐབ་ཇུས་དེར་གཙོ་གནད་དམིགས་ཚད་གཉིས་ཡོད་དེ། གཅིག་ནི་རྒྱལ་ཁབ་ཁག་གིས་ཆམ་རིམས་ལྟ་ཞིབ་ཚད་ལེན་དང་། དེར་ཁ་གཏད་གཅོག་པ། སྔོན་འགོག་ཚོད་འཛིན་སོགས་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཆམ་རིམས་ལ་ཁ་གཏད་གཅོག་པའི་འཆར་འགོད་བཟོ་དགོས་པའི་འབོད་སྐུལ་བྱས་པ་དང་། གཉིས་ནི་ཆམ་རིམས་སྔོན་འགོག་དང་། ཞིབ་དཔྱད་ཚད་ལེན། ཚོད་འཛིན་དང་དེ་བཞིན་སྨན་བཅོས་ཡོ་བྱད་བཅས་དེ་བས་ལེགས་པ་གསར་སྤེལ་བྱེད་པ་དཔེར་ན་སྔར་ལས་ཕན་ནུས་ལྡན་པའི་རིམས་འགོག་སྨན་ཁབ་དང་། ནད་དུག་འགོག་སྨན། སྨན་བཅོས་བྱེད་ཐབས་སོགས་བཟོས་པ་མ་ཟད། རྒྱལ་ཁབ་ཡོངས་ཀྱིས་ཡོ་བྱད་འདི་དག་སྤྱོད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བསྟན་ཡོད།
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་སྤྱི་བསྒྲགས་ནང“ཆམ་རིམས་སླར་ཡང་རྒྱ་ཆེར་མཆེད་མིན་ལ་མ་ཐུག་པར་དེ་ནི་ག་དུས་ཐོན་མིན་ལ་ཐུག་ཡོད། ང་ཚོས་ངེས་པར་དུ་དོགས་ཟོན་བྱས་ནས་གྲ་སྒྲིག་ཡག་པོ་བྱེད་དགོས། གང་ཡིན་ཟེར་ན། ཆམ་རིམས་མཆེད་པའི་རིན་ཐང་དེ་སྔོན་འགོག་གི་མ་གནས་ལས་ཧ་ཅང་གིས་མཐོ་བ་ཡོད་པས་རེད”ཅེས་བཤད་ཡོད་པ་རེད།
     
ངོ་སྤྲོད་བྱས་པར་གཞིགས་ན། འཐབ་ཇུས་གསར་པས་ཆམ་རིམས་དང་འབྲེལ་བའི་ཚན་རིག་ཞིབ་འཇུག་ལ་སྐུལ་འདེད་གཏོང་བར་གཞོལ་ནས་གོ་ལ་ཧྲིལ་པོའི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད། སྡེ་ཚན་མང་པོ་དང་དེ་བཞིན་དེའི་ཁེ་ཕན་དང་འབྲེལ་བའི་ཕྱོགས་དབར་སྦྲེལ་མཐུད་ཀྱི་ལམ་སྲོལ་ནུས་ལྡན་འཛུགས་དགོས། གཞན་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་དུང་སྨན་རྫས་མ་ཡིན་པའི་ཐེ་ཇུས་བྱེད་ཐབས་སྔོན་འགོག་ཚོད་འཛིན་གྱི་འཆར་འགོད་ནང་འཇུག་རྒྱུ་ཡིན་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1