གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༢ཚེས་༢༦ཉིན།

ཧིན་རྡུ་ཉི་ཞི་ཡའི་མཚོ་འཕྱུར་དོན་རྐྱེན་ཁྲོད་མི་373རྐྱེན་ལམ་དུ་ཤོར།

     ཟླ་12ཚེས་24ཉིན། ཧིན་རྡུ་ཉི་ཞི་ཡ་གནོད་འགོག་ཁང་གི་གཏམ་བཤད་པ་སུའུ་ཐའོ་པའོ་ཡིས། ཧིན་རྡུ་ཉི་ཞི་ཡའི་ནུབ་རྒྱུད་ཞུན་ཐཱ་མཚོ་འགག་དུ་ཚེས་22ཉིན་གྱི་དགོང་མོར་མཚོ་འཕྱུར་བ་དང་། དེའི་ནང་རྐྱེན་ལམ་དུ་ཤོར་མཁན་373ལ་འཕར་ཡོད་པ་དང་། གཞན་ཡང་མི་5000ལྷག་གནས་སྤོས་ཡོད་པ་བཤད། 
     སུའུ་ཐའོ་པའོ་ཡིས། ས་གནས་དེ་གའི་དུས་ཚོད་ཚེས་24ཉིན་གྱི་ཆུ་ཚོད་17བར་དུ། མཚོ་འཕྱུར་ཁྲོད་དུ་མི་373རྐྱེན་ལམ་དུ་ཤོར་བ་དང་། མི་1456ལ་རྨས་སྐྱོན་ཕོག་ཅིང་། མི་128གར་སོང་ཆ་མེད་གྱུར་བ། གཞན་ཡང་མི་5664གནས་སྤོས་ཡོད། ད་དུང་ཁང་པ་600ལྷག་དང་གསོལ་མགྲོན་ཁང་69 ཟ་ཁང་60ལྷག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དང་། གྲུ་གཟིངས་420ལྷག་ལ་གཏོར་སྐྱོན་ཐེབས་ཡོད་པར་བརྗོད།
    ཧིན་རྡུ་ཉི་ཞི་ཡ་ནི་ཞི་བདེ་རྒྱ་མཚོའི་ས་ཡོམ་ཁུལ་དུ་ཆགས་ཡོད་པ་དང་། དུས་རྒྱུན་དུ་ས་ཡོམ་དང་མཚོ་འཕྱུར་འབྱུང་བཞིན་ཡོད་པ་དང་། ད་ལོའི་ཟླ་9པའི་ཟླ་མཇུག་ཏུ། ཧིན་རྡུ་ཉི་ཞི་ཡའི་སུའུ་ལ་ཝེ་ཞི་ཞིང་ཆེན་ཏུང་ཅ་ལ་རྫོང་དུ་ས་ཡོམ་རིམ་པ་7.4བྱུང་བ་དང་། ས་ཡོམ་དང་མཚོ་འཕྱུར་བ་ལས་མི་2000ལྷག་རྐྱེན་ལམ་དུ་ཤོར་བ་རེད། 2004ལོའི་ཟླ་12པའི་ཚེས་26ཉིན། ཧིན་རྡུ་ཉི་ཞི་ཡའི་སུའུ་མན་ཏ་ལ་གླིང་ཕྲན་གྱི་བྱང་ཕྱོགས་མཚོ་ཁོངས་སུ་ས་ཡོམ་རིམ་པ8.7ཅན་བྱུང་ལ་མཚོ་འཕྱུར་ཡང་བྱུང་བས། ཨེ་ཤ་ཡ་ཤར་ལྷོ་དང་ཧྥེ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོར་གནོད་པ་ཐེབས་ཏེ་ཁྱོན་མི་ཁྲི་20ལྷག་རྐྱེན་ལམ་དུ་ཤོར་བ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1