གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༢༩ཉིན།

ཨ་རིའི་ས་གནས་མང་པོར་དོགས་ཡོད་ཐུམ་སྒྲིལ་དོན་རྐྱེན་ཐོན་འདུག

        

        ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨ་རིའི་གསང་འཕྲིན་ཅུད་ནས་ཉིན་གཉིས་ནང་ཁག་སོ་སོར་ཨ་རིའི་ཙུང་ཐུང་ཟུར་པ་ཁེ་ལིན་ཏུན་གྱི་སྐུ་ཟླ་ཤིས་ལ་ལེ་ཁེ་ལིན་ཏུན་དང་ཨ་རིའི་ཙུང་ཐུང་ཟུར་པ་ཨའོ་པ་མའི་བཞུགས་གནས་ལ་དོགས་ཡོད་ཐུམ་སྒྲིལ་སྐུར་བ་ལམ་བར་ནས་འཛིན་བཟུང་བྱས་རྗེས། སྤྱི་ཚེས་༢༤ཉིན་ཨ་རིར་སླར་ཡང་དོགས་པ་ཡོད་པའི་ཐུམ་སྒྲིལ་དོན་རྐྱེན་མང་པོ་ཐོན་པས་རྒྱ་ཁྱབ་ཏུ་དོ་ཁུར་ཆེན་པོ་བྱུང་ཡོད་པ་རེད།

        ཉིའུ་ཡུའེ་ཉེན་རྟོག་ཕྱོགས་ལ་སྤྱི་ཚེས་༢༤ཉིན་གྱི་སྔ་དྲོ་ཨ་རིའི་སྐུད་ཡོད་བརྙན་འཕྲིན་དྲ་བ་CNNཡི་ཉིའུ་ཡུའེ་མ་ཧན་ཏུན་དུ་ཡོད་པའི་གཞུང་ལས་བྱེད་སར་དོགས་ཡོད་ཐུམ་སྒྲིལ་ཐོན་པའི་བརྡ་ཁྱབ་འབྱོར་ཡོད་ཅིང་། གཞུང་ལས་ཁང་དེ་གནས་སའི་དུས་རབས་ཧྭ་ན་ལྟེ་བའི་ཁང་ཆེན་ནང་གི་མི་སྣ་ཛ་དྲག་ངང་ཁ་བཀྲམ་ཡོད་པ་རེད། ཨ་རིའི་ཧྥུ་ལོ་ལི་ཏ་མངའ་སྡེའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཚོགས་སྨད་པའི་གྲོས་མི་ཏེ་པེ་ཧྲུའུ་ཨེར་ཚེའི་གཞུང་ལས་ཁང་དུ་སྤྱི་ཚེས་༢༤ཉིན་འབར་རྫས་ཀྱི་དོགས་པ་ཡོད་པའི་ཐུམ་སྒྲིལ་ཞིག་འབྱོར་ནས། གཞུང་ལས་ཁང་གནས་སའི་ཁང་ཆེན་ནང་གི་མི་སྣ་འཕྲལ་མར་ཁ་བཀྲམ་དགོས་བྱུང་ཡོད་པ་རེད། ཉིན་དེར། ལོ་ཧྲན་ཅི་ཉེན་རྟོགས་ཕྱོགས་ནས་ཨ་ལི་ཧྥུ་ཉི་ཡ་མངའ་སྡེའི་དམངས་གཙོ་ཏང་གི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཚོགས་སྨད་པའི་གྲོས་མི་ཝོ་ཐེ་སིར་དོགས་པ་ཡོད་པའི་ཐུམ་སྒྲིལ་ཞིག་འབྱོར་བ་མ་ཟད། ལོ་ཧྲན་ཅི་ལྟེ་གནས་སྦྲགས་སྲིད་ལས་ཁུངས་ཀྱི་མི་སྣ་ཛ་དྲག་ངང་ཁ་བཀྲམ་ཡོད་པ་རེད། གཞན་ཡང་རང་མིང་ཟུར་གསལ་བྱེད་འདོད་མེད་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དཔོན་རིགས་ཤིག་གིས་ཉིན་དེ་རང་དུ། ཉེན་རྟོག་ཕྱོགས་ནས་ཨ་རིའི་ཙུང་ཐུང་གཞོན་པ་པེ་ཏེན་ལ་སྐུར་བའི་ཐུམ་སྒྲིལ་ཞིག་འཚོལ་བཞིན་ཡོད་ཅིང་། ཁོང་ཚོས་ཐུམ་སྒྲིལ་དེ་དེའི་གོང་ཤིས་ལ་ལི་དང་། ཨའོ་པ་མ་སོགས་ལ་སྐུར་བའི་ཐུམ་སྒྲིལ་དང་འདྲ་པོ་ཡོད་པའི་ངོས་འཛིན་བྱས་ཡོད་ཅེས་ཟུར་གསལ་གནང་ཡོད་པ་རེད། དེ་མིན་ད་དུང་སྨྱན་སྦྱོར་ཚན་པ་རེ་འགས་ཉེན་རྟོག་ཕྱོགས་ཀྱི་སྐད་ཆ་དྲངས་ནས། ཉིའུ་ཡུའེ་ལ་བཞུགས་པའི་སྐད་གྲགས་ལྡན་པའི་མ་འཇོག་མཁན་ཆའོ་ཀྲི་སོ་ལོ་སིར་སྤྱི་ཚེས་༢༢འབར་རྫས་དངོས་པོ་ཡོད་པའི་ཐུམ་སྒྲིལ་ཞིག་འབྱོར་ཡོད་ཅེས་བརྗོད་ཡོད་པ་རེད།




39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1