གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༡༠ཚེས་༢༦ཉིན།

འཛམ་གླིང་མ་འཇོག་གླེང་སྟེགས་འགོ་ཚུགས་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་མ་འཇོག་བྱ་རྒྱུ་ཁྲིད་སྟོན་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་པ། 


 
          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནེ་ཝ་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུས་གཙོ་གཉེར་བྱས་པའི་2018ལོའི་འཛམ་གླིང་མ་འཇོག་གླེང་སྟེགས་ཚེས་22ཉིན་རེ་ནེ་ཝར་འཚོགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་མང་པོ་ཞིག་གིས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གོ་ལ་ཧྲིལ་པོའི་མ་འཇོག་ཁོར་ཡུག་ལ་ངེས་མེད་འགྲན་སློང་འཕྲད་པའི་མཚམས་དེར་མ་འཇོག་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་དྲུང་ཆེ་མུའུ་ཤིས་ས·ཅི་ཐུའུ་དབྱིས། དངུལ་རྩའི་ཉམས་ཉེན་བྱུང་ནས་ལོ་བཅུ་ཡི་རྗེས་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་གི་གཞི་ཁྱོན་དེ་ཉམས་ཉེན་མ་བྱུང་གོང་གི་ཆུ་ཚད་ལྟར་སྔར་བཞིན་སླར་གསོ་ཐུབ་མེད། ན་ནིང་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་བསྡོམས་འབོར་དམའ་རུ་ཕྱིན་རྗེས་འདི་ལོའི་ལོ་སྟོད་དུ་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་མ་འཇོག་གཞི་ཁྱོན་སྔར་བཞིན་ཆག་ཡོད། གོ་ལ་ཧྲིལ་པོའི་མ་འཇོག་ཁོར་ཡུག་གི་ངེས་གཏན་མེད་པའི་རང་བཞིན་དང་དཔལ་འབྱོར་དངོས་ཚན་ཁག་གཅིག་གིས་གོ་ལ་ཧྲིལ་པོ་ཅན་ལ་ཡིད་ཆེས་བྱེད་ཤུགས་ཆག་པས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་བཞིན་ཡོད་པའི་ཐ་ཚིག་བསྒྲགས་ཡོད།
         སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨེ་སི་ཧྥེ་ནོ་ས་ཡིས་ཀྱང་རང་འགུལ་ཅན་དང་། གྲངས་གཞི་ཅན། དངུལ་རྩ་བསྐྱར་འགྱུར་དངོས་རྫས་སོགས་ཀྱིས་ང་ཚོའི་འཚོ་བར་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་གཏོང་བཞིན་ཡོད། འོན་ཀྱང་ང་ཚོ་འཕེལ་རྒྱས་དོ་སྙོམས་མེད་པ་དང་སྲུང་སྐྱོང་རིང་ལུགས་དང་ཁེར་རྐྱང་རིང་ལུགས་དར་ཁྱབ་ཆེ་བའི་དུས་སྐབས་སུ་གནས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དེ་བས་དྲང་གཞག་དང་འདྲ་མཉམ་གྱི་འཛམ་གླིང་ཞིག་བསྐྲུན་དགོས་ཞེས་བརྗོད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་ནེ་ཝའི་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཀན་ཧྲི་མུའུ་ལེ་ཡིས་མིག་སྔའི་གནད་དོན་དེ་མ་རྩ་མི་འདང་བར་ཐུག་མེད་པར་གང་འདྲ་བྱས་ཏེ་མ་རྩ་དགོས་མཁོ་ཆེ་ས་དང་ཕན་ནུས་ཆེན་པོ་ཐོན་སར་སྤྱོད་རྒྱུའི་ཐད་ཐུག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཀྱིས་མ་འཇོག་བྱེད་མཁན་ལ་འཆར་གཞི་ཞིག་བཀོད་ཡོད་པ་དང་ཁོང་ཚོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱབ་ཁོངས་སུ་མ་འཇོག་བྱེད་དགོས་པའི་ཁྲིད་སྟོན་བྱེད་ཀྱི་ཡོད། “རྒྱུན་མཐུད་འཕེལ་རྒྱས་ཀྱི་མེ་འཁོར་དེ་འཁོར་ལམ་ཐོག་སྐྱོད་བཞིན་ཡོད་པས་གལ་སྲིད་དེའི་ནང་མ་ཞུགས་ཚེ་རྗེས་སུ་ལུས་ངེས་རེད”ཅེས་ནན་བཤད་བྱས་པ་རེད།
          2018ལོའི་འཛམ་གླིང་མ་འཇོག་གླེང་སྟེགས་ཚེས་26བར་འཚོག་རྒྱུ་ཡིན་པ་དང་རྒྱལ་ཁབ་དང་ས་ཁུལ་160ནས་ཡོང་བའི་ཚོགས་ཞུགས་མི་སྣ་5000ལྷག་ཙམ་ཡོད་པའི་ནང་རྒྱལ་ཁབ་མང་པོའི་འགོ་ཁྲིད་མི་སྣ་དང་པུའུ་ཀྲང་རིམ་པའི་འཐུས་མི་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གླེང་སྟེགས་འཚོག་རིང་སྤེལ་བའི་བྱེད་སྒོ་60ཡི་ནང་ཞུགས་རྒྱུ་རེད། ད་ཐེངས་ཀྱི་གླེང་སྟེགས་ཀྱིས་གང་འདྲ་བྱས་ཏེ་གོ་ལ་ཧྲིལ་པོའི་མ་འཇོག་སྲིད་ཇུས་དང་ཁོར་ཡུག་ལེགས་སུ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1