གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༩ཚེས་༠༥ཉིན།

དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་དུ་གཏོང་བའི་སྤྱིའི་བླང་བྱ།

—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད་གཉིས་པ།
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།

        རྩ་འཛིན་ནི་ཁ་ཕྱོགས་སྣེ་ཁྲིད་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་དར་ཆ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱིས་གཏིང་ཟབ་པའི་སྒོ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་ཡར་བརྩོན་ཧུར་བརྩོན་དང་འབད་པ་ལྷུར་ལེན་གྱིས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་ཕེབས་པར་སྐུལ་འདེད་གཏང་དགོས། 
        སྤྱིའི་བླང་བྱ་ཁོང་དུ་ཆུད་པར་ངེས་པར་དུ་དར་ཆ་མཐོ་སྒྲེང་དང་སྲོག་ཤིང་འགན་སྲུང་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལ་བསྙེག་ནས་བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་བསྐྱོད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་ཀྱིས་རྒྱང་བསྐྱོད་ཀྱི་དམིགས་འབེན་གསར་པར་བསྙེགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་སྣེ་ཁྲིད་པའི་རྩ་འཛིན་དང་དར་ཆ། རྣམ་ཤེས་བཅས་ཡིན་པ་རེད། འགོ་ཚུགས་ས་གསར་པ་ནས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་བར་འཆར་འགོད་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་ལ་འགན་སྲུང་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུའི་འགོ་ཁྲིད་ལ་འགན་སྲུང་། བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་བཅས་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་རྒྱུན་འཁྱོངས་བྱ་དགོས། གཏིང་ཟབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་བསྐྱེད་དེ་བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་ལ་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སི་ཁྲོན་དུ་རྩ་བ་ཚུགས་ནས་རྩེ་མོ་རྒྱས་ཐུབ་པར་འགན་སྲུང་བྱ་དགོས། 
        སྤྱིའི་བླང་བྱ་ཁོང་དུ་ཆུད་པར་ངེས་པར་དུ་རང་རྟོག་གིས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་བཀོད་སྒྲིག་ཡོངས་ལ་གཅིག་འདོམས་བྱས་ཏེ་ཕུགས་ཡུན་རིང་བའི་འཕེལ་རྒྱས་ལ་ཞིབ་འཇུག་དང་འཆར་འགོད་བྱེད་སྐབས་གོམ་གང་མདུན་སྤོས་ཀྱིས་བསམ་བློ་བཅིངས་འགྲོལ་དང་རིགས་ལམ་ལེགས་སྒྲིག བྱེད་ཐབས་འཐུས་ཚང་དུ་གཏང་དགོས། དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་སྤྱིའི་བླང་བྱ་ནི་ཁ་ཕྱོགས་ཀྱི་མཛུབ་སྟོན་ཡིན་པར་མ་ཟད་བྱ་སྤྱོད་ཀྱི་མཛུབ་སྟོན་ཡང་ཡིན་པས་ངེས་པར་དུ་བརྟན་བརླིང་ཡར་བརྩོན་གྱི་ལས་ཀའི་གཞི་རྩ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྲ་བརྟན་དང་རང་རྟོག་གིས་ལག་ལེན་བྱས་ཏེ་ཆད་ལྷག་མེད་པར་སི་ཁྲོན་གྱི་གཅིག་གྱུར་འཆར་འགོད་“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་དང་མཐུན་སྦྱོར་སྒོས“ཁྱོན་ཡོངས་བཞི”ཡི་འཐབ་ཇུབ་བཀོད་སྒྲིག་གི་ལག་ལེན་ཁྲོད་དོན་འཁྱོལ་བྱ་དགོས། སི་ཁྲོན་གྱི་འཕེལ་རྒྱས་འགོ་ཚུགས་ས་གསར་པར་སླེབས་ཡོད་པས་ངེས་པར་དུ་ནན་ཏན་གྱིས་ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་དང་ཞིང་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ལས་ཀའི་བཀོད་སྒྲིག་ཁག་ལག་བསྟར་བྱས་ཏེ། འཆར་འགོད་རྒྱུན་འཁྱོངས་བྱེད་པ་དང་ཡང་བསྐྱར་རུག་སྒྲིག་བྱས་རྗེས་སླར་ཡང་འགོ་བརྩམས་པ་རྒྱུན་འཁྱོངས་བྱས་ནས་གཏིང་ཟབ་པའི་སྒོ་ནས་ཁྱོན་ཡོངས་དང་འབྲེལ་ཞིང་ཕུགས་རིང་བའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་དགོས། གཏིང་ཟབ་པའི་སྒོ་ནས་དུས་རབས་གསར་པའི་སི་ཁྲོན་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་བབ་ཁོང་དུ་ཆུད་པ་དང་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་བྱས་ཏེ་སི་ཁྲོན་བཅོས་སྐྱོང་། དར་སྤེལ་གྱི་སྤྱིའི་བཀོད་སྒྲིག་ཕུན་སུམ་ཇེ་ཚོགས་དང་འཐུང་ཚང་དུ་གཏང་དགོས། བློ་བརྟན་འགྱུར་མེད་ཀྱིས་སི་ཁྲོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་བསྒྱུར་འགོད་འཕེལ་རྒྱས་ཀྱི་དཔལ་འབྱོར་སྒྲིག་གཞི་ལེགས་བསྒྱུར་དང་གསར་གཏོད་འཕེལ་རྒྱས་སྒུལ་ནུས་ལ་བསྒྱུར་འགོད་བྱེད་པ། མཆོང་སྐྱོད་འཕེལ་རྒྱས་ཀྱི་སྤུས་ཚད་ཚད་ཁྱོན་རིམ་སྤར་བྱེད་པ་བཅས་ལ་དམ་པོར་དམིགས་དགོས། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་རྒྱ་སྐྱེད་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས་ཁྱོན་ཡོངས་ཀྱི་བསམ་བློ་དང་ཕྱོགས་ཡོངས་ཀྱི་མིག་རྒྱས་གནས་བབ་གསར་པའི་འོག་གི་སི་ཁྲོན་གྱི་ཁྱོན་ཡོངས་གསར་སྤེལ་སྒོ་འབྱེད་གནད་དོན་ལ་འཆར་འགོད་བཟོས་ནས་ནང་ལོགས་ས་ཁུལ་ལ་སྒོ་འབྱེད་པའི་བགྲོད་ལམ་དུ་ཞུགས་དགོས། དོན་དངོས་དང་མཐུན་པར་ཞིང་སྡེ་དར་སྤེལ་དང་དམངས་འཚོ་ལེགས་བཅོས་ལ་དམ་འཛིན་བྱེད་པ་དང་། ཐོན་ལས་དང་འཇོན་མི། རིག་གནས། སྐྱེས་ཁམས། རྩ་འཛུགས་བཅས་ཀྱི་ནང་དོན་ལྔ་ལེགས་པོར་འཁྱོངས་ནས་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་མཐོར་འདེགས་སུ་གཏང་དགོས། བློ་བརྟན་འགྱུར་མེད་ཀྱིས་གནད་སྨིན་དབུལ་སྒྲོལ་དང་ཉེན་ཁ་སྔོན་འགོག སྦགས་བཙོག་སྔོན་འགོག་བཅས་ཀྱི་“གཡུལ་འཐབ་ཆེན་པོ་གསུམ”ལེགས་པོ་བརྒྱབ་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ངེས་པར་དུ་བརྒལ་དགོས་པའི་འགག་སྒོ་ལས་ཐར་དགོས། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བ་གཏིང་ཟབ་ཏུ་ཕྱིན་པར་སྐུལ་འདེད་བཏང་ནས་ཀྲུའུ་ཡོན་ཁང་གི་ཤུགས་རྐྱེན་ངན་པ་ལ་དག་སེལ་བྱས་ཏེ་ཤུགས་ཆེན་པོས་སྤྱོད་བཟང་ཡ་རབས་ཀྱི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་ཞིག་བསྐྲུན་དགོས། 
        སྤྱིའི་བླང་བྱ་ཁོང་དུ་ཆུད་པར་ངེས་པར་དུ་ནམ་ཡང་ལེ་ལོ་དོར་བའི་བློ་སྤོབས་དང་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པའི་ཆོད་སེམས་ཀྱིས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་དགོས། བདེ་སྐྱིད་ནི་ཧུར་བརྩོན་ལ་བརྟེན་ནས་བྱུང་བ་ཡིན། དེང་སྐབས་སི་ཁྲོན་བསྒྱུར་འགོད་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས། མཆོང་བསྐྱོད་འཕེལ་རྒྱས་ཀྱི་གནད་འགག་གི་སྐབས་སུ་གནས་ཡོད་པས་བརྩོན་པ་ལྷུར་ལེན་དང་ཡར་རྒྱས་བརྩོན་བསྙེག་དགོས་པ་རེད། དུས་རབས་གསར་པར་གོམ་པ་སྤོ་བ་དང་འོས་འགན་གསར་པ་ཕྲག་རུ་ཁུར་བ། རྒྱང་སྐྱོད་གསར་པའི་འགོ་བརྩམས་པར་དུས་དང་རྣམ་པ་ཀུན་ཏུ་བརྩོན་སེམས་ཆེར་བསྐྱེད་དང་དོན་གཉེར་བདེན་གཞོལ་གྱི་བྱ་སྤྱོད་རྒྱུན་འཁྱོངས་བྱ་དགོས་པ་དང། བློ་གྲོས་དང་སྟོབས་ཤུགས་མཐའ་དག་གཅིག་སྡུད་བྱས་ཏེ་མཐུན་སྒྲིལ་གྱིས་འབད་བརྩོན་བྱ་དགོས་པ་དང་སེམས་ཤུགས་དང་སྟོབས་ཤུགས་མཐའ་དག་གཅིག་སྡུད་བྱས་ཏེ་ལས་སྒྲུབ་གསར་གཏོད་ལ་གཞོལ་དགོས། སྤོབས་པ་ཆེན་པོས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་བཀའ་སྡུག་ཐམས་ཅད་ཁྱད་དུ་བསད་ནས་སི་ཁྲོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ། སྐྱེ་ཁམས་ཁོར་སྲུང་། བསམ་བློ་རིག་གནས། སྤྱི་ཚོགས་བཅོས་སྐྱོང་། ཏང་གི་འཛུགས་སྐྲུན་སོགས་ལས་དོན་ཁག་སྐས་རིམ་གསར་པར་འཕེལ་བར་སྐུལ་འདེད་བཏང་ནས་གོམ་པ་རེ་རེ་བཞིན་སྤོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་བྲིས་པའི་མཛེས་སྡུག་ལྡན་པའི་འཆར་འགོད་དེ་མངོན་དུ་འགྱུར་བར་བརྩོན་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་གཞིར་ལོངས་པའི་རྒྱུགས་ཤོག་ཅིག་སྤྲོད་དགོས།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1