གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

ས་འགོ་སྤྲུལ་སྐུ་ནོར་བུ་དྲི་མེད། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༡༧ཉིན།

༄༅།། བྲག་མགོ་ར་གསོ་སྒང་གི་གནས་རིའི་ལོ་རྒྱུས།

        དེ་ཡང་མདོ་ཁམས་ཟལ་མོའི་སྒང་རྒྱུད། ར་གསོ་བཀྲ་ཤིས་སྨན་རི་ནི།སྔོན་ཆོས་རྒྱལ་མྱ་ངན་མེད་ཀྱི་སྨོན་ལམ་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས། འཛམ་བུའི་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་པར།མཆོད་རྟེན་གཅིག་ར་གསོ་སྒང་དུ་ཡོད་པའི་ནང་རྟེན་དུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་བཞུགས་པས།ཤིན་ཏུ་གནས་ཁྱད་པར་ཅན་ཡིན་ཞེས་སྔོན་བྱོན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་སྲོལ་ཡོད་པ་དང་།གཞན་ཡང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས། རྒྱ་ནག་གོང་མ་ཐང་ཐེ་ཙུང་གི་རྒྱལ་རིགས་ཀྱི་སྲས་མོ་འུན་ཤིན་ཀོང་ཇོ་ཟེར་བ་བཙུན་མོ་རུ་བླང་པར།ཀོང་ཇོ་དཔོན་གཡོག་རྣམས། རྒྱ་ཡུལ་ནས་དབུས་སུ་ཕེབས་ལམ་དུ། ར་ས་འཕྲུལ་སྣང་གི་ས། སྤྲུལ་པའི་ར་ཞིག་ལ་བཀལ་ཡོད་པར།ཁོང་རྣམས་བྲག་མགོ་རུ་བཞུགས་སྐབས། ར་དེ་ནི། གནས་འདི་ཉིད་དུ་གསོ་བར་མཛད་པས། སྒྲ་རྗེས་གྲུབ་ཀྱི་ར་གསོ་སྒང་ཞེས་གྲགས་པ་ཡིན་ནོ།། 
  

        ད་ལྟ་ཧོར་བྲག་མགོ་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་ཞེས་དགོན་པ་གསར་བཏབ་ཀྱི་རྒྱབ་རི་ཡིན།གནས་འདི་ནི་སྔོན་ནས་ད་བར་བྱིན་རླབས་ཅན་དུ་བརྩིས་ནས། རྒྱལ་གདོན་གྱིས་ཟིན་པའི་ནད་པ་དང་།གྲིབ་ནད་ཅན་དང་། བྱིས་པ་ཡ་མ་དང་། གཞན་ནད་གང་རུང་གིས་ཐེབས་པའི་མི་རྣམས། གནས་རི་འདི་ལ་བསྐྱབས་ནས་བསྐོར་བ་བྱས་ཤིང་ཚེ་ཆུ་བཏུང་ཞིང་ཁྲུས་བྱས་ན།ཕན་ནུས་ཆེན་པོ་ཡོད་འདུག་ཟེར་ནས་གནས་འབྲེལ་འཇོག་རྒྱུ་དང་། མ་ཟད་ནད་མེད་ཀྱི་མི་རྣམས་ཀྱང་།ཚེས་བཟང་དང་དུས་བཟང་རྣམས་སུ། གནས་འདི་རུ་སྤྲོ་གསེང་ལ་སོང་ནས་རི་གཟིགས་དང་གནས་སྐོར་ལ་འགྲོ་སྲོལ་ཆགས་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1